[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “རྒྱལ་སྤྱིའི་དམག་དོན་འགྲན་བསྡུར—2017ལོའི”“གདུགས་མཆོང་བརྒྱ་ཤོག”རྣམ་གྲངས་ཀྱི་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ།

    ཀྲུང་གོའི་མཁའ་དམག་གི་གདུགས་མཆོང་དམག་ལ་རྣམ་གྲངས་བཅུ་གཉིས་ནས་ཨང་དང་པོ་11ཐོབ་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-12

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་10ཉིན་གློག་འཕྲིན་འབྱོར་གསལ། “རྒྱལ་སྤྱིའི་དམག་དོན་འགྲན་བསྡུར—2017ལོའི”“གདུགས་མཆོང་བརྒྱ་ཤོག”རྣམ་གྲངས་ཀྱི་གསར་འགྱུར་ལྟེ་གནས་ཀྱིས་ཚེས་10ཉིན་འགྲན་བསྡུར་གྱི་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོའི་མཁའ་དམག་གི་གདུངས་མཆོང་དམག་ལ་རྣམ་གྲངས་12ནས་ཨང་དང་པོ་11ཐོབ་པ་རེད།

    རྣམ་གྲངས་འགྲན་བསྡུར་ལ་ཀྲུང་གོ་དང་། དབྱི་རན། ཧ་སག་སི་ཐན། མོ་རོ་ཁོ། ཨུ་རུ་སུ། ལྷོ་ཨ་ཧྥེ་རི་ཁ། ཝེ་ནེ་ཙུའེ་ལ་བཅས་ཀྱི་འགྲན་ཞུགས་རུ་ཁག་བདུན་ཞུགས་ཡོད་ཅིང་། འགྲན་བསྡུར་དེ་འཐབ་འཁོར་རིགས་དང་འཐབ་འཁོར་མིན་པའི་རིགས་ཆེ་གྲས་2ཀྱི་རྣམ་གྲངས་11ལ་ཕྱེ་ཡོད། གཞན་ཡང་གནས་གཏན་འཁེལ་གྱི་གདུགས་མཆོང་འགྲན་བསྡུར་ལོགས་སུ་བཀོད་སྒྲིག་བྱས་ཡོད། འགྲན་བསྡུར་གྲུབ་འབྲས་ཀྱི་ཕྱོགས་བསྡུས་བསྡོམས་རྩིས་གཞིར་བཟུང་ཀྲུང་གོའི་རུ་ཁག་དང་། ཨུ་རུ་སུའི་རུ་ཁག ཧ་སག་སི་ཐན་རུ་ཁག་བཅས་ལ་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་ཐོབ་ཡོད།

    འཐབ་འཁོར་རིགས་ཀྱི་འགྲན་བསྡུར་ལ་ཀྲུང་གོའི་རུ་ཁག་དང་། ཨུ་རུ་སུའི་རུ་ཁག ཧ་སག་སི་ཐན་རུ་ཁག་བཅས་ལ་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་ཐོབ་པ་ལས། ནང་ཀྲུང་གོའི་རུ་ཁག་ལ་འཐབ་འཁོར་འགྲན་བསྡུར་རྐྱང་པ་དང་། རྗེས་འདེད་འགྲན་བསྡུར། མཐུད་རྒྱུག་འགྲན་བསྡུར་བཅས་རྣམ་གྲངས་གསུམ་གྱི་ཨང་དང་པོ་ཐོབ་པ་དང་ཨུ་རུ་སུ་རུ་ཁག་ལ་མྱུར་རྩལ་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་ཡོད། འཐབ་འཁོར་མིན་པའི་རིགས་ཀྱི་འགྲན་བསྡུར་ལ་ཀྲུང་གོའི་རུ་ཁག་དང་། ཨུ་རུ་སུའི་རུ་ཁག ཧ་སག་སི་ཐན་རུ་ཁག་བཅས་ལ་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་ཐོབ་པ་དང་། གདུགས་མཆོང་འདུ་འཛོམས་དང་། སྤྱི་ལེ་10ཡི་བྱེས་བགྲོད། འགོག་རྐྱེན་ལས་སྒྲོལ་བ། འཕར་རྒོལ་ཚ་ཁ་སོགས་རྣམ་གྲངས་7ལ་ཨང་དང་པོ་ཐོབ་མཁན་ནི་ཀྲུང་གོའི་རུ་ཁག་རེད།

    གནས་གཏན་འཁེལ་གདུགས་མཆོང་འགྲན་བསྡུར་ལ་ཀྲུང་གོའི་རུ་ཁག་དང་། མོ་རོ་ཁོའི་རུ་ཁག དབྱི་རན་རུ་ཁག་བཅས་ལ་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་ཐོབ་ཅིང་། གཞན་ཡང་། འགྲན་ཞུགས་རུ་ཁག་7གྱི་མི་སྒེར་19ལ“དམག་འཐབ་ཀྱི་སྙིང་སྟོབས”བྱ་དགའ་ཐོབ་པ་དང་། དབྱི་རན་དང་། ལྷོ་ཨ་ཧྥེ་རི་ཁ། ཝེ་ནེ་ཙུའེ་ལ་བཅས་རུ་ཁག་གསུམ་ལ“མཐུན་སྒྲིལ་མཛའ་གྲོགས”ཀྱི་བྱ་དགའ་ཐོབ་པ་རེད། “རྒྱལ་སྤྱིའི་དམག་དོན་འགྲན་བསྡུར—2017ལོ”དང“གདུགས་མཆོང་བརྒྱ་ཤོག”རྣམ་གྲངས་ཀྱི་གསར་འགྱུར་མགྲིན་ཚབ་པ་ཧྲེན་ཅིན་ཁའོ་ཡིས་རྒྱལ་སྤྱིའི་དམག་དོན་འགྲན་བསྡུར་ནི་རྒྱལ་ཁབ་དབར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་མིག་དཔེ་ལྟ་བའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཀྲུང་གོའི་མཁའ་དམག་གིས་འཛམ་གླིང་རྒྱལ་ཁབ་ཁག་གི་མཁའ་དམག་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱིའི་དམག་དོན་མཉམ་ལས་ཀྱི་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་བཏོད་དེ་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་ལ་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།