[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྒྱུད་གཅིག་ལམ་གཅིག་ལས་ཇ་ལོའི་ལས་དབང་མཐུད།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   ​ ཙོའུ་སུང་གིས།    |    སྤེལ་དུས།   2017-07-17

    རྡར་ཇི་ལིན་གྱི་ཇ་པ་ཏི་ནི་རྒྱ་གར་གྱི་ཇའི་མཚོན་བྱེད་ཅིག་ཡིན་པས“འཛམ་གླིང་གི་གྲགས་ཅན་ཇ་པ་ཏི་གསུམ་གྱི་གཙོ་བོ”དང“བྲོ་བ་ཆེ་ཤོས་ཀྱི་ཇ་པ་ཏི་བྲོ་བ་ཆེ་ཤོས་ཀྱི”ཞེས་བརྗོད་སྲོལ་ཡོད་པ་རེད། རྩ་ཆེའི་ཇ་རིགས་དེ་ཧ་ལམ་ལོ་170ཡི་གོང་ནས་ཀྲུང་གོའི་ཧྥུའུ་ཅན་ཝུའུ་དབྱིན་ཧྲན་ནས་རྒྱ་གར་གྱི་རྡར་ཇི་ལིན་ས་ཁུལ་དུ་དབོར་འདྲེན་བྱས་པ་རེད། དུས་ད་ཆའི་བར་དེ་ཁུལ་ནི་སྔར་བཞིན་ཀྲུང་གོ་དང་རྒྱ་གར་གྱི་ཇ་ལོ་ཉོ་ཚོང་གི་ཆེས་གལ་འགངས་ཆེ་བའི་བསྡུ་འགྲེམས་ལྟེ་གནས་ཤིག་ཡིན་པ་རེད། ས་ཆ་དེ་ཁུལ་གྱི་ཇ་ཚོང་མཁན་དང་ཇ་འདེབས་ཞིང་པས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང“བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་བར་ཁྱམས”འཛུགས་སྐྲུན་ལ་བརྟེན་ནས་ཀྲུང་གོ་དང་རྒྱ་གར་གྱི་འཛམ་གླིང་གི་ཇའི་ཐོན་ལས་རྒྱལ་ཁབ་ཆེན་པོ་གཉིས་དབར་ཇ་ལོའི་མཉམ་ལས་མུ་མཐུད་བྱེད་རྒྱུའི་རེ་བ་བྱེད་བཞིན་ཡོད་པ་རེད།

    རྒྱ་གར་གྱི་ཇ་ཚོང་མཁན་ལཱ་ཅི་ཕུའུ·ལུའོ་ཁྲེན་འདི་ལོ་ལོ་70ལྷག་ཙམ་ལ་སླེབས་པ་དང་། ཁོང་གི“ལུའོ་ཁྲེན”ཇ་བཟོ་གྲྭས་ཀྲུང་གོ་དང་རྒྱ་གར་དབར་གྱི་ཉོ་ཚོང་ཁྲོད་མ་གནས་གྲོན་ཆུང་བྱེད་བསམ་ན་ཐབས་ལམ་གཉིས་ཡོད་པ་སྟེ། གཅིག་ནི“བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་བར་ཁྱམས”ཀྱིས་འཆར་འགོད་བྱས་པ་ལྟར། ས་ཁུལ་དེ་གའི་སྐམ་ལམ་དང་མཚོ་ལམ་གྱི་འགྲིམ་འགྲུལ་གཉིས་ཤར་བགྲོད་ཐུབ་པ་བྱེད་རྒྱུ་དང་། གཉིས་ནི་ཀྲུང་གོ་དང་རྒྱ་གར་དབར་གྱི་ཇ་ལོའི་ཐོན་ལས་ཉོ་ཚོང་ལ་ཤུགས་སྣོན་བརྒྱབ་ནས་འབོར་ཚད་ལ་བརྟེན་ནས་རིན་གོང་རག་ཐབས་བྱེད་རྒྱུ་དེ་ཡིན་པ་རེད།

    ལཱ་ཅི་ཕུའུ·ལུའོ་ཁྲེན་ནི་སྤྱིར་བཏང་གི་ཇ་ཚོང་མཁན་ཞིག་མིན་ཞིང་། དུས་རབས་གོང་མའི་ལོ་རབས་70པའི་ལོ་འགོར་སྐྱེ་ལྡན་རྫས་འགྱུར་རིག་པའི་རབ་འབྱམས་པ་དེས་ཇ་ལོའི་ལས་རིགས་ནང་ལས་ཀ་བྱས་ནས་ལོ་40ལྷག་ཙམ་སོང་བ་དང་། ཁོང་ལ་རང་ཉིད་ཀྱི་ཇ་ཤིང་ར་བ་ཡོད་པ་དང་། ཁོང་གི་གཞུང་ལས་ཁང་རྒྱ་གར་རྡར་ཇི་ལིན་ས་ཁུལ་རི་འདབས་ཀྱི་ཤི་ལི་ཀུའུ་ལི་གྲོང་ཁྱེར་དུ་གནས་ཡོད་པ་རེད། ལཱ་ཅི་ཕུའུ་ལུའོ་ཁྲེན་གྱི་གཞུང་ལས་ཁང་དུ་སྨྱུག་འཛིན་པར་བག་ཆགས་ཟབ་ཤོས་བྱུང་བ་ནི་གྱང་སྟེང་དང་སྒམ་ནང་བསྒྲིགས་པའི་ཀྲུང་གོའི་བཟོ་དབྱིབས་ཀྱི་ཇ་ཆས་ཡིན་ཞིང་། “ཀྲུང་གོའི་ཇའི་རིག་གནས་ལ་མི་རྣམས་ཡིད་དབང་འཕྲོག་པ་ཞིག་ཡོད། ངས་2004ལོ་ནས་བཟུང་ཀྲུང་གོའི་གྲོགས་པོ་དང་མཉམ་དུ་ཚོང་རྒྱག་འགོ་ཚུགས་པ་ཡིན། དེ་དག་ཕལ་ཆེ་བ་ནི་ང་རང་ཀྲུང་གོར་སྐྱོད་དུས་ཉོས་པ་ཤ་སྟག་ཡིན། ད་དུང་ཁག་གཅིག་ནི་ཀྲུང་གོའི་གྲོགས་པོས་ང་ལ་སྤྲད་པ་ཞིག་རེད”ཅེས་རང་གི་རྩ་ཆེའི་ནོར་བུ་ལྟ་བུའི་ཇ་ཆས་དེ་དག་ངོ་སྤྲོད་བྱེད་བཞིན་ལ་ཅི་ཕུའུ་ལུའོ་ཚེན་གྱིས་དེ་དག་ལ་ཧ་ཅང་དགའ་པོ་བྱེད་ཀྱི་འདུག

    ཉེ་ལམ་ལོ་འགའི་རིང་། ལཱ་ཅི་ཕུའུ་ལུའོ་ཁྲེན་ལོ་ལྟར་ཡུན་ནན་དུ་ཟླ་བ་ཁ་ཤས་སྡོད་པ་དང་། ཁོང་གི་སྐད་ཆ་ལྟར་ན“དེ་ནི་སྤྲོ་སྐྱིད་གཏོང་བར་ཕྱིན་པ་ཞིག་མིན་པར་ནོར་བུ་འཚོལ་བར་ཕྱིན་པ་ཞིག་རེད”ཅེས་པ་དེ་རེད། “ཀྲུང་གོའི་ཇ་པ་ཏི་སྐད་གྲགས་ཆེ་ཤོས་ལྡན་པ་དང་། འཛད་སྤྱོད་བྱེད་ཚད་མཐོ་ཤོས་ནི་འོ་ཇ་རེད”ད་དུང་ཇ་ལྗང་མི་ཉུང་བ་ཡོད་མོད། འོན་ཀྱང་ཕུར་ཇ་ཤེས་རྟོགས་ཐུབ་མཁན་ཉུང་ཉུང་རེད”ཅེས་ལཱ་ཅི་ཕུའུ་ལུའོ་ཁྲེན་གྱིས་རང་གི་ལག་དང་སྤྱིར་ན་མི་བྲལ་བའི་ཇ་ཕོར་རྫ་མདོག་དེར་མཛུབ་མོ་འཛུགས་བཞིན“རྒྱ་གར་བས་མངར་ཆ་དང་ཞག་ཚིལ་རིགས་ཟ་རྒྱུ་ཅུང་མང་བས་ཕུར་ཇ་བཏུང་ཚེ་ཕན་ཐོགས་ཆེན་པོ་ཡོད། ངའི་ལས་ཀ་མང་པོ་ཞིག་ཀྲུང་གོའི་ཇ་པར་རྒྱ་གར་གྱི་ཇ་པ་ཏི་ཡག་པོ་ཡོད་པ་བརྗོད་རྒྱུ་དེ་ཡིན་ལ་ངས་ད་དུང་རྒྱ་གར་བར་ཀྲུང་གོར་ཇ་ལོའི་རིགས་དེ་བས་མང་བ་དང་ཕུན་སུམ་ཚོགས་པའི་ཇའི་རིག་གནས་ཡོད་ལུགས་བརྗོད་རྒྱུ་དེ་ཡིན”ཞེས་བཤད་བྱུང་།

    “མིག་སྔར་རྡར་ཇི་ལིན་ཁུལ་དུ་ཇ་ཤིང་ར་བ་86ཡོད། ས་བབ་དང་། ས་དབྱིབས། ནམ་དུས་བཅས་མི་འདྲ་བར་ཐོན་པའི་ཇའི་སྤུས་ཚད་ཀྱང་མི་འདྲ་བ་ཡོད་མོད། འོན་ཀྱང་འབྱུང་རྩ་ནས་བཤད་ན་དེ་དག་ཚང་མ་ཀྲུང་གོ་ནས་ཐོན་པ་ཤ་སྟག་རེད། ཧ་ལམ་ལོ་170ཡི་གོང་དུ་དབྱིན་ཇི་བ་ལུའོ་པོ་ཐེ་·ཕུའུ་ཆུང་གིས་ཀྲུང་གོ་ནས་ཇ་ལོ་ཆུང་བའི་ཇ་ཤིང་གི་སྡོང་ཕྲུག་ལྐོག་ཏུ་ཁྱེར་བ་དང་འབྲེལ། རྡར་ཇི་ལིན་ས་ཁུལ་དུ་ཚོད་འདེབས་བྱེད་རྒྱུ་ལེགས་གྲུབ་བྱུང་ཡོད། དེ་ཐོག་ནས་དབྱིན་ཇིས་ཀྲུང་གོ་ཕུད་པའི་ས་ཁུལ་དུ་ཇ་ལོ་ཐོན་སྐྱེད་བྱས་པ་མཚོན་གྱི་ཡོད”ཅེས་རྡར་ཇི་ལིན་ལང་ཀོ་ཉི་ཐེ་ཇ་ཤིང་ར་བའི་ཅིང་ལི་སུའུ་ཏ་ཧན་·ཀུའུ་ལན་གྱིས་སྨྱུག་འཛིན་པར་དེ་ལྟར་འགྲེལ་བཤད་བརྒྱབ་བྱུང་། ལོ་རྒྱུས་དེ་གླེང་སྐབས་སུའུ་ཏ་ཧན་ལ་མྱོང་ཚོར་ཆེན་པོ་ཡོད་ཅིང་། ཁོང་གིས་སྐབས་དེ་དུས་དབྱིན་ཇི་བས་ལྐོག་ཏུ་ཁྱེར་བའི་བྱེད་སྟངས་དེས་རྡར་ཇི་ལིན་ཙམ་མ་ཟད། ཐ་ན་རྒྱ་གར་ཡང་ཀྲུང་གོའི་རྗེས་ཀྱི་ཇ་ལོ་ཐོན་ཡུལ་དུ་གྱུར་ཡོད་ཅེས་བཤད་བྱུང་།

    ལང་ཀོ་ཉི་ཐེ་ཇ་ཤིང་ར་བར་སྨྱུག་འཛིན་པས་ཇ་ལོ་འཐུ་བཞིན་ཡོད་པའི་བུད་མེད་མཐོང་བྱུང་། “རྡར་ཇི་ལིན་ཡོངས་སུ་མི་ཁྲི་10ལྷག་ཙམ་ཡོད་པའི་ནང་གི་མི་70%ཇ་དང་འབྲེལ་བ་ཡོད་པའི་ལས་ཀ་བྱེད་བཞིན་ཡོད། འོན་ཀྱང་ཇ་འཐུ་རྒྱུ་དེ་སྔར་ནས་བཟུང་བུད་མེད་ཀྱི་ལས་ཀ་ཞིག་རེད། གཅིག་བྱས་ན་དེ་ཡང་ཀྲུང་གོ་ནས་རྒྱུན་འཛིན་བྱས་པ་ཡང་ཡིན་སྲིད། ཁྱོན་ཡོངས་ནས་བཤད་ན་ཁོང་ཚོའི་ལས་ཀ་དེ་ཁྱིམ་ཚང་གི་ཡོང་འབབ་གཙོ་བོར་གྱུར་ཡོད། དུས་རྒྱུན་གྱི་རྨང་གཞིའི་ལས་ཀ་བྱེད་དགོས་པ་ཕུད་ལས་ཀ་འཕར་མ་བྱས་པར་བྱ་དགའི་དངུལ་སྤྲོད་ཀྱི་ཡོད”ཅེས་སུའུ་ཏ་ཧན་·ཀུའུ་ལན་གྱིས་སྨྱུག་འཛིན་པར་བཤད།

    ལཱ་ཅི་ཕུའུ·ལུའོ་ཁྲེན་ནི་རྡར་ཇི་ལིན་གྱི་ཇ་པ་ཏི་ཀྲུང་གོའི་ཁྲོམ་རར་འདོན་མཁན་རྒྱ་གར་གྱི་ཚོང་པ་དང་པོ་དེ་ཡིན་པ་དང་། ཁོང་ནི་འདི་ལོ་རྒྱ་གར་གྱི་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཤར་རྒྱུད་ས་ཁུལ་གྱི་འགན་ཁུར་བར་གདམས་ཡོད། ཁོང་གི་ངོས་ནས་བརྗོད་ན། ཤིས་ལི་ཀུའུ་ལི་དང་དེ་བཞིན་རྡར་ཇི་ལིན་ས་ཁུལ་དེ་ཉིད“བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་བར་ཁྱམས”ཀྱི་ནུབ་རྒྱུད་ཀྱི་འགོ་འཛུགས་སར་བརྩིས་ནས་ལོ་རྒྱུས་ཀྱི་འབྱུང་ཁུངས་སམ་ཡང་ན་དངོས་ཡོད་ཀྱི་འཕེལ་རྒྱས་ཐད་ནས་བལྟས་ཀྱང་རྡར་ཇི་ལིན་གྱི་ཇ་པ་ཏི་ནི་ཕན་ཚུན་འབྲེལ་མཐུད་ཀྱི་སྦྲེལ་ཟམ་འཛུགས་པའི་སྦྲེལ་ཐག་གཙོ་བོ་དེ་ཡིན་པ་རེད།

    ལཱ་ཅི་ཕུའུ·ལུའོ་ཁྲེན་གྱིས་ས་བཀྲར་མཛུབ་མོ་འཛུགས་བཞིན་དུ་སྨྱུག་འཛིན་པར“བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་བར་ཁྱམས”ནང་ཁྱབ་པའི་ས་ཁོངས་ནི་སའི་གོ་ལའི་སྟེང་གི་དབུལ་ཤོས་དང་ཡོ་ལང་ཆེ་ཤོས་ཀྱི་ས་ཁུལ་ཡིན་ཞེས་བརྗོད་ཆོག འོན་ཀྱང་ས་ཁུལ་དེར་ཐོན་ཁུངས་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་མེད་པ་མ་ཡིན་པར་རྒྱ་གར་གྱི་ཇ་པ་ཏི་དང་། བྷང་ག་ལའི་འབུ་རས། འབར་མའི་རྫུལ་སོགས་ཡོད་པ་ཚང་མར་ཕྱིར་ཚོང་གི་བགྲོད་ལམ་འཚོལ་དགོས་ཀྱི་ཡོད། དོན་དངོས་ཐོག་ཀྲུང་གོའི་ཡུན་ནན་ཙམ་མ་ཟད། “བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་བར་ཁྱམས”དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་དང་ས་ཁུལ་གྱི་རྨང་གཞིའི་འཛུགས་སྐྲུན་ཚང་མར་བརྟན་པོའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། མིག་སྔར་ཤུགས་སྣོན་རྒྱག་དགོས་པ་ནི་ས་མཚམས་བརྒལ་བའི་བགྲོད་ལམ་དང་དེ་བཞིན་ཆུ་ཐོག་ལམ་འབྲེལ་མཐུད་བྱེད་པར་བརྟེན་ནས“བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་བར་ཁྱམས”འཛུགས་སྐྲུན་ཁྱོན་ཡོངས་ནས་མངོན་འགྱུར་ཐུབ་པ་བྱེད་དགོས་ཀྱི་ཡོད་ཅེས་བཤད།

    ལ་ཅི་ཕུའུ·ལུའོ་ཁྲེན་གྱིས“རང་ཉིད་ཀྲུང་གོ་བ་དང་སྐད་ཆ་ཤོད་རྒྱུར་ཧ་ཅང་དགའ་པོ་ཡོད། ཀྲུང་གོ་བ་ནི་འབད་བརྩོན་ཆེ་བ་དང་དངོས་སྒྲུབ་ཆེ་བ་ཞིག་ཡིན་པ་མ་ཟད། མཐོང་རྒྱ་ཆེ་བ་ཞིག་ཡོད་ཅིང་། ཇ་འཐུང་རྒྱུ་ནི་ང་ཚོའི་ཐུན་མོང་གི་མོས་ཕྱོགས་ཤིག་ཡིན་སྟབས་ང་ཚོས་དེའི་ཐད་ལས་ཀ་མང་ཙམ་བྱེད་ཆོག”ཅེས་གད་མོ་འཚེར་འཚེར་ངང་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།