[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཆིན་ལིན་གྱི་དལ་བགྲོད་མེ་འཁོར་ནང་དཔེ་དེབ་བསྒྲིགས་ནས་སློབ་མ་ཚོས་ལམ་བར་དུ་ལྟ་ཀློག་བྱ་རྒྱུར་མཁོ་འདོན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-09

    ཟླ་5ཚེས་27ཉིན་ཧྲའན་ཤིས་ཞིང་ཆེན་གྱི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོའི་སྒྲིག་འཛུགས་ཨུ་ལྷན་གཞུང་དོན་ཁང་དང་། ཀྲུང་གོ་ལྕགས་ལམ་ཤིས་ཨན་ཅུས་ཚོགས་པ་ཚད་ཡོད་ཀུང་སི། ཧྲའན་ཤིས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བཅས་ཀྱིས་པའོ་ཅི་ནས་ཀོང་ཡོན་བར་གྱི་མེ་འཁོར་ཐེངས་6063ཐོག“དཔེ་དེབ་བསྒྲིགས་ནས་སློབ་མར་མཁོ་འདོན་བྱས། ཆིན་ལིན་རི་བོ་བརྒལ་བའི་མེ་འཁོར་དཔེ་མཛོད་ཁང”ཞེས་པའི་བརྗོད་དོན་གཙོ་བོའི་སྤྱི་ཕན་བྱེད་སྒོ་སྤེལ་བ་དང་། དཔེ་དེབ་སྣ་ཚོགས་སུམ་བརྒྱ་ལྷག་ཙམ་མཁོ་འདོན་བྱས་ཏེ་རི་ཁུལ་གྱི་ཕྲུ་གུ་ཚོར་དྲུག་གཅིག་དུས་ཆེན་གྱི་སྨོན་འདུན་མཚོན་པར་བྱས་ཡོད།

    མེ་འཁོར་ཐེངས་6063ཧྲའན་ཤིས་དང་། ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་བརྒྱུད་དགོས་ཀྱི་ཡོད་པ་དང་ལམ་རྒྱུད་དུ་ཆིན་ལིན་རི་ཁུལ་གྱི་མེ་འཁོར་བབས་ཚུགས་38ལ་ཁ་བཀག་གི་ཡོད། སློབ་གྲྭ་བལྟོས་བཅས་ཀྱིས་གཅིག་སྡུད་ཆེ་བའི་རྫོང་གྲོང་དུ་གཟའ་འཁོར་མི་རེ་ངོ་རེར་རི་ཁུལ་དུ་སྡོད་མཁན་སློབ་གྲྭ་འབྲིང་ཆུང་གི་སློབ་མ་མེ་འཁོར་དེར་བསྡད་དེ་ལམ་རྒྱུད་དུ་ཁྱབ་པའི་སློབ་གྲྭ་བཅུ་གྲངས་སུ་སློབ་སྦྱོང་བྱེད་ཀྱི་ཡོད། ཆིན་ལིན་རི་བོའི“སྤྱི་ཕན་དལ་བགྲོད་མེ་འཁོར”ཡིན་པའི་ངོས་ནས་བརྗོད་ན། 2017ལོའི་ལོ་མཇུག་ནས་བཟུང་། ཀྲུང་གོ་ལྕགས་ལམ་ཤིས་ཨན་ཅུས་ཚོགས་པ་ཚད་ཡོད་ཀུང་སིས་མེ་འཁོར་ཐེངས་6063གཙོ་གནད་དུ་སྒྱུར་བཟོ་བྱས་པ་དང་། མེ་འཁོར་ཐོག་ཆེད་མངགས“སློབ་མའི་འཁོར་སྒྲོམ”དང་མེ་འཁོར་ཐོག་གི་དཔེ་སྒྲོམ་བཙུགས་ནས་ལས་བཟོའི་ཁྲོད་དཔེ་དེབ་ཞལ་འདེབས་རྒྱག་པའི་བྱེད་སྒོ་སྤེལ་ནས་ཕྲུ་གུ་ཚོར་རིན་མི་དགོས་པར་གཡར་ནས་ལྟ་རུ་འཇུག་གི་ཡོད།

    520323_yis_1528434248436.jpg

    འདི་ནི་ལུའོ་དབྱང་མེ་འཁོར་བབས་ཚུགས་སུ་མེ་འཁོར་ནས་བབས་མཁན་སློབ་མ་ཚོ་མེ་འཁོར་ཐེངས་གྲངས་6063གྱི་མེ་འཁོར་འགོ་འཛིན་ཞང་པའོ་ལིན(གཡས་ཀྱི་དང་པོ)དང་ཁ་གྱེས་པའི་གནས་ཚུལ་ཡིན་པ།

    520321_yis_1528434199514.jpg

    འདི་ནི་སློབ་མ་ཚོས་མེ་འཁོར་ཐེངས་6063གྱི་ཐོག་དཔེ་དེབ་གསར་པ་སྣ་ཚོགས་ལེན་པའི་གནས་ཚུལ་ཡིན་པ།

    520322_yis_1528434199733.jpg

    འདི་ནི་སློབ་མ་ཚོས་ཆུ་དཀར་གཙང་པོའི་བབས་ཚུགས་སུ་མེ་འཁོར་ཐེངས་6063ལ་འཛུལ་བའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།