[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • “སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཅེས་པའི་སྤྱི་ཕན་རྣམ་གྲངས་ཆེ་གྲས་ཀྱིས་མི་རིགས་ཁག་གི་མང་ཚོགས་ཁྲི་40ལ་སྨན་བཅོས་ཞབས་ཞུ་བསྒྲུབས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2016-11-29

    གསར་འགོད་པར་ཟླ་11ཚེས་26ཉིན་2016ལོའི“སླར་ཡང་རྒྱང་སྐྱོད་ཀྱི་ལམ་བུར་བསྐྱོད། ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཅེས་པའི་ཕྱོགས་སྡོམ་གཟེངས་བསྟོད་ཀྱི་མཚན་ཚོགས་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། “སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཅེས་པའི་སྤྱི་ཕན་རྣམ་གྲངས་ཆེ་གྲས་དེ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་གཞུང་ལས་ཁང་། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་བཅས་ཀྱིས་མཛུབ་ཁྲིད་བྱས་པ་དང་། ཀྲུང་གོ་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་དང་། ཀྲུང་གོ་རྒྱ་གྲམ་དམར་རྟགས་ཐེབས་རྩ་ལྷན་ཚོགས། པེ་ཅིང་གྲོང་ཁྱེར་རྒྱ་གྲམ་དམར་རྟགས་ཐེབས་རྩ་ལྷན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པ། པུའུ་ཁྲང་སྨན་རྫས་ཚད་ཡོད་ཀུང་སིས་རྒྱུད་རིམ་ཧྲིལ་པོར་རོགས་རམ་བྱས་པ་ཞིག་རེད། 2008ལོར“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཅེས་པ་དེ་རྒྱལ་སའི་སྨན་དོན་ལས་དོན་པས་གྲོས་འགོ་བཏོན་ནས་སྤེལ་བ་ཞིག་ཡིན་པས་ལོ་9བསྟུད་མར་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་དང་། གྲངས་ཉུང་མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་པོའི་ས་ཁུལ་བཅས་དང་དེ་བཞིན་བོད་རིགས་ས་ཁུལ་དུ་སྤེལ་བའི་སྤྱི་ཕན་བྱེད་སྒོ་ཞིག་ཡིན་ཞིང་། དེས་ཁྱོན་མི་རིགས་ཁག་གི་མང་ཚོགས་ཁྲི་40ཙམ་ལ་སྨན་བཅོས་བདེ་ཐང་གི་ཞབས་ཞུ་ཐད་ཀར་བསྒྲུབས་པས་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་500ལྷག་ཙམ་གྱི་ཚེ་སྲོག་བསྐྱབས་པ་དང་སྐྱ་གྲིབ་ཕོག་པའི་ནད་པ་སྟོང་ཙམ་སླར་ཡང་མིག་མཐོང་ཐུབ་པ་བྱུང་ཡོད།

    འདི་ལོ“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཅེས་པས་པེ་ཅིང་སོགས་རྒྱལ་ཡོངས་ཀྱི་ས་ཁུལ་གྱི་སྨན་བཅོས་རིགས་གཅིག་མཁས་ཅན་གྱི་དང་བླངས་པ་དུས་ཡུན་གཟའ་འཁོར་གཅིག་སྒྲིག་འཛུགས་བྱས་ནས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཡི་རྫོང་བཅུ་ལ་ཟབ་སྐྱོད་བྱས་ཏེ་དཀར་མཛེས་ཀྱི་སྤུན་ཟླར་སྨན་བཅོས་བྱས་ནས་སྨན་སྤྲད་པ་དང་དྲོ་སྐྱིད་སྦྱིན་ཏེ་བདེ་ཐང་གི་ཞབས་ཞུ་རབ་དང་རིམ་པ་བསྒྲུབས་ཡོད། དགོན་སྡེའི“གཅིག་རེ་བཞིའི”འདུ་འགོད་དང་། སྐྱེད་མའི་ཁྲུས་ཁང་། ཀྲུང་གོའི་སྐྱོན་བྲལ་གྱི་གྲོང་གསེབ་བཟང་པོ། རི་སྐྱེས་ཀྱི་ཀྲུང་དབྱི་སྨན་རྫས་འདེབས་གསོ་རྟེན་གཞི་སོགས་ཚང་མ་ནི“ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཅེས་པའི་རྣམ་གྲངས་རྒྱབ་སྐྱོར་དང་ལེན་བྱ་ཡུལ་དུ་དོན་འཁྱོལ་ཏན་ཏིག་བྱས་པའི་མཚོན་ཚུལ་གང་ལེགས་ཞིག་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།