[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཟླ་10པའི་བཟོ་ལས་ཁེ་སྤོགས་བརྟན་པོའི་ངང་འཕར་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2016-11-29

    ཟླ་11ཚེས་27ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་བཟོ་ལས་ཁེ་ལས་ཀྱི་ནོར་སྲིད་གྲངས་གཞི་ལས་མངོན་པར། ཟླ་བ་དང་པོ་ནས་བཅུ་པའི་བར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་8.6%འཕར་བ་དང་འཕར་ཚད་ཟླ་བ་དང་པོ་ནས་དགུ་པ་བར་ལས་བརྒྱ་ཆའི་གྲངས་0.2ཀྱིས་མགྱོགས་པ་ཡོད། དེའི་ནང་ཟླ་བ་བཅུ་པའི་ཁེ་སྤོགས་དུས་མཚུངས་ལས་9.8%འཕར་བ་དང་འཕར་ཚད་ཟླ་བ་དགུ་པ་ལས་བརྒྱ་ཆའི་གྲངས་2.1གིས་མགྱོགས་པ་ཡོད། བཟོ་ལས་ཁེ་སྤོགས་འཕར་ཚད་བརྟན་པོའི་ཁྲོད་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་རེད།

    བཟོ་ལས་ལས་རིགས་ཆེ་གྲས་41ཁྲོད་ལས་རིགས་29ཡི་ཁེ་སྤོགས་བསྡོམས་འབོར་དུས་མཚུངས་ལས་འཕར་བ་དང་། ལས་རིགས་12དུས་མཚུངས་ལས་ཆག་པ། ཁེ་སྤོགས་འཕར་ཚད་མཐོ་ཤོས་ཀྱི་ཁེ་ལས་རིགས་གསུམ་རིམ་པ་ལྟར་བསྒྲིགས་ན། མདོག་ནག་ལྕགས་རིགས་བཙོ་སྦྱངས་དང་བཙིར་གནོན་ལས་སྣོན་ལས་རིགས་ལྡབ་3.1འཕར་བ་དང་། རྡོ་སྣུམ་ལས་སྣོན་དང་རྡོ་སོལ་སྲེག་མ་ཉིང་རྡུལ་འབར་རྫས་ལས་སྣོན་ལས་རིགས་ལྡབ་2.3འཕར་བ། རྡོ་སོལ་སྔོག་འདོན་དང་འཁྲུ་འདེམས་ལས་རིགས་ཀྱི་ཁེ་སྤོགས་བསྡོམས་འབོར་དུས་མཚུངས་ལྡབ་1.1འཕར་བ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།