[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • བོད་དུ་དྲ་སྦྲེལ་སྤྱོད་མཁན་དུད་ཚང་བཅུ་ཆ་དྲུག་ལྷག་ཙམ་ཟིན་པ།

  • ཡོང་ཁུངས།   ​ ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2016-05-25

    ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། འཕྲིན་གཏོང་ལས་རིགས་འཕེལ་རྒྱས་མྱུར་པོ་ཕྱིན་པའི་དབང་གིས“འཛམ་གླིང་ཡང་རྩེ”ཞེས་བརྗོད་པའི་བོད་ལྗོངས་ས་མཐོ་འདི་ཉིད་རྒྱལ་ཡོངས་ཙམ་མ་ཟད་ཐ་ན་འཛམ་གླིང་དང་འབྲེལ་བ་ཟབ་ཏུ་འགྲོ་བཞིན་ཡོད། ཉེ་བའི་ལོ་ཤས་རིང་བོད་ཀྱི་འཕྲིན་གཏོང་ལས་རིགས་འཕེལ་རྒྱས་མྱུར་པོ་ཕྱིན་ནས་དྲ་སྦྲེལ་སྤྱོད་མཁན་དུད་ཚང་བཅུ་ཆ་དྲུག་ལྷག་ཙམ་ཟིན་ཏེ་སྤྱི་ཚོགས་འཕེལ་རྒྱས་དང་མང་ཚོགས་ཀྱི་འཚོ་བར་དེ་བས་སྟབས་བདེ་བྱུང་ཡོད་པ་རེད།

    ཉིན་ཤས་གོང་གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་ཟླ་3པའི་ཟླ་མཇུག་བར་བོད་དུ་སྒུལ་བདེའི་དྲ་སྦྲེལ་སྤྱོད་མཁན་དུད་ཚང་ཁྲི་163.9ཟིན་ནས་དྲ་སྦྲེལ་སྤྱོད་མཁན་དུད་ཚང་ཁྱབ་ཚད་60.1%ཟིན་པ་དང(གཏན་འཇགས)དྲ་སྦྲེལ་གྱི་དྲ་ཆེན་སྤྱོད་མཁན་དུད་ཚང་གི་ཁ་གྲངས་དུས་མཚུངས་ལས་22.3%འཕར་ཡོད་པ་རེད།

    “འཛམ་གླིང་ཡང་རྩེའི་ཡང་རྩེ”ཞེས་བརྗོད་པའི་མངའ་རིས་ས་ཁུལ་གྱི་ཆ་རྐྱེན་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད་མོད། འོན་ཀྱང་དེ་གའི་མང་ཚོགས་ཚོས་དྲ་སྦྲེལ་ལས་བྱུང་བའི་ཕན་པ་ལོངས་སུ་སྤྱོད་བཞིན་ཡོད། གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་ཕྱོགས་བསྡུས་དཔེ་སྟོན་ཁྱབ་གདལ་གཏོང་བའི་ཚོད་ལྟའི་རྫོང་ཡིན་པའི་མཚོ་ཆེན་རྫོང་གིས་ས་མཐོའི་ཁྱད་ལྡན་འབྲོག་ལས་ཐོན་རྫས་སོགས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་གློག་རྡུལ་ཚོང་ཁང་གཉེར་ཏེ་ཕྱུག་འགྱུར་ལམ་བུར་སྐྱོད་བཞིན་ཡོད། མིག་སྔར་མཚོ་ཆེན་རྫོང་གློག་རྡུལ་ཚོང་དོན་གྱི་དྲ་ཕྱིའི་ཉམས་ལེན་ཁང་གི་ཞོར་གཏོགས་ཡིན་པའི་མི་སྒེར་གྱི་ཐའོ་པའོ་དྲ་ཐོག་ཚོང་ཁང་9ནས་བཀྲ་རི་གནམ་མཚོའི་སྤོས་དང་ཁུ་ལུའི་ཐོན་རྫས་སོགས་ཕྱིར་ཚོང་བྱས་པར་ཡོང་འབབ་སྒོར་ཁྲི་40ལྷག་ཙམ་བྱུང་བ་དང་རྫོང་དེ་ཡོངས་ཀྱི་གློག་རྡུལ་ཚོང་ཁང་གི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་500ཙམ་ཟིན་ཡོད་པ་རེད།

    འཕྲིན་གཏོང་ལས་རིགས་འཕེལ་རྒྱས་མྱུར་པོ་འགྲོ་བའི་དུས་སུ་བོད་ཀྱི་གློག་འཕྲིན་ཁེ་ལས་ཁག་གིས་རྒྱལ་ཁབ་ཀྱི་བླང་བྱར་གཞིགས་པ་དང་ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གྲོན་བསྡུའི་ཚད་གཞི་དམའ་རུ་གཏོང་བའི་བྱེད་སྒོ་སྤེལ་ཡོད། གྲངས་གཞི་ལས་མངོན་པར། བོད་ཀྱི་སྒུལ་བདེ་དང་གཏན་འཇགས་དྲ་སྦྲེལ་ལས་སྒོའི་གྲོན་བསྡུའི་ཚད་གཞི་ཁག་15.8%དང་21.8%དམའ་རུ་བཏང་ཡོད་པས་གྲོན་བསྡུའི་ཚད་གཞི་དམའ་རུ་གཏོང་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱི་ཅུས་ཀྲང་ཆིང་ཆིས“འདི་ལོ་ང་ཚོས་སྒུལ་བདེའི་འཕྲིན་གཏོང་ཤར་གཏོང་ཐུབ་མེད་པའི་སྲིད་འཛིན་གྲོང་ཚོ་ཚང་མར་སྒུལ་བདེའི་འཕྲིན་གཏོང་ཁྱབ་པ་བྱ་རྒྱུའི་རྨང་གཞིའི་ཐོག་རང་བྱུང་གྲོང་ཚོར་རིམ་བཞིན་སྣུར་སྲིང་གིས་ཆ་རྐྱེན་འཛོམས་པའི་རང་བྱུང་གྲོང་ཚོ་300ལ་སྒུལ་བདེའི་འཕྲིན་གཏོང་ཁྱབ་པ་བྱ་རྒྱུ་མ་ཟད། གློག་འཕྲིན་ཡོངས་ཁྱབ་ཞབས་ཞུའི་ཁ་གསབ་ལམ་སྲོལ་ལ་སྐུལ་འདེད་བཏང་སྟེ་གྲོང་གསེབ་ཀྱི་དྲ་ཆེན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན”ཞེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།