[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།
  • བོད་ཀྱིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་ལས་དོན་ལ་དམ་འཛིན་ནན་པོ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-10

    གསར་འགོད་པར་ཉིན་ཤས་གོང་རང་སྐྱོང་ལྗོངས་མི་སྤྱི་ཐིང་ནས་ཤེས་རྟོགས་བྱུང་བར། ཞིང་པ་ལས་མིའི་གླ་ཆའི་ཐོབ་ཆའི་ཁེ་དབང་འགན་ལེན་ཏན་ཏིག་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་ཁེ་ལས་ཀྱིས་ཞིང་པ་ལས་མིར་གླ་ཆ་འགྱངས་ཆད་བྱས་པའི་གནད་དོན་ཐག་གཅོད་མཉམ་འབྲེལ་ཚོགས་འདུའི་གཞུང་དོན་ཁང་བཅས་ཀྱིས་སྔ་རྗེས་སུ་ཆེད་དོན་ཚོགས་འདུ་འཚོགས་ནས་མིག་སྔའི་ལྗོངས་ཡོངས་ཀྱི་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་ལས་དོན་ལ་འཕྲད་པའི་དུས་བབ་ལ་དབྱེ་ཞིབ་བྱས་པ་དང་། 2018ལོའི། དཔྱིད་གསར་དུས་ཆེན་དང་། བོད་ཀྱི་ལོ་གསར་མ་འཆར་གོང་ཞིང་པ་ལས་མིའི་གླ་ཆའི་གཏོང་སྤྲོད་ལས་དོན་གྱི་འགན་ལེན་ཐད་གཙོ་གནད་ཐོག་བཀོད་སྒྲིག་བྱས་པ། ཁྲིམས་ཐག་གཅོད་རྒྱུར་ལུས་པའི་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞིའི་ལས་དོན་གཅིག་སྡུད་ཐོག་ཐག་གཅོད་བྱས་པ་བཅས་རེད། དུས་མཚུངས་རང་སྐྱོང་ལྗོངས་ཀྱི་ཁེ་ལས་ཀྱིས་ཞིང་པ་ལས་མིར་གླ་ཆ་འགྱངས་ཆད་བྱས་པའི་གནད་ཐོན་ཐག་གཅོད་ཀྱི་མཉམ་འབྲེལ་ཚོགས་འདུའི་གཞུང་དོན་ཁང་གིས《〈བོད་རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་ལས་མིའི་གླ་ཆ་གཏོང་སྤྲོད་གནས་ཚུལ་གྱི་ཆེད་དོན་ཞིབ་བཤེར་བྱེད་སྒོ་སྤེལ་བའི་ལག་བསྟར་ཇུས་གཞི〉པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》དང《ཁྲིམས་ཐག་གཅོད་རྒྱུར་ལུས་པའི་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱས་པའི་གྱོད་གཞིའི་ལས་དོན་གཅིག་སྡུད་ཐོག་ཐག་གཅོད་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》སོགས་ཁྱབ་བསྒྲགས་བྱས་པ་རེད།

    ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ནན་དུ་གཏོང་ཆེད། 2017ལོའི་ཟླ་12ཚེས་20ཉིན་ནས་བཟུང་། རང་སྐྱོང་ལྗོངས་ཀྱི་ཁེ་ལས་ཀྱིས་ཞིང་པ་ལས་མིར་གླ་ཆ་འགྱངས་ཆད་བྱས་པའི་གནད་དོན་ཐག་གཅོད་མཉམ་འབྲེལ་ཚོགས་འདུའི་ཁོངས་མིའི་ཚན་པ་ཁག་ལས་གྲུབ་པའི་ལྟ་ཞིབ་ཚོགས་ཆུང་4ཡིས་གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་བསྐྱོད་ནས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐག་གཅོད་ཐད་ཆེད་དོན་ལྟ་ཞིབ་ལས་དོན་སྤེལ་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།