[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།
  • ཝུའུ་དབྱིང་ཅེས་བོད་ལྗོངས་སློབ་ཆེན་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནང་སྐབས།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་ལང་ཚོའི་ངར་ཤུགས་ལ་བརྟེན་ནས་འབྱུང་འགྱུར་ཕྱོགས་སུ་བསྐྱོད་དེ་དུས་རབས་གསར་པའི་ཕུལ་བྱུང་གཞོན་ནུ་བྱ་རྒྱུར་བརྩོན་ལེན་བྱེད་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-17

    ཝུའུ་དབྱིང་ཅེས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ཉིད་ཏང་གིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་པའི་མཛུབ་ཁྲིད་དགོངས་པར་གཏན་འཁེལ་བྱས་པ་དང་འབྲེལ་ཏང་གི་སྒྲིག་ཡིག་ནང་བཅུག་ཡོད། འདི་ནི་ཚོགས་ཆེན་བཅུ་དགུ་པའི་བླ་སྲོག་དང་ཚོགས་ཆེན་བཅུ་དགུ་པའི་ལོ་རྒྱུས་རང་བཞིན་གྱི་ཐབས་ཇུས་དང་ལེགས་སྐྱེས་ཆེ་ཤོས་ཤིག་ཡིན། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཏང་གི་མཛུབ་ཁྲིད་དགོངས་པར་གཏན་འཁེལ་བའི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང“ཁ་གསལ་བརྒྱད”ཀྱི་ཕུན་སུམ་ཚོགས་པའི་ནང་དོན་དང“མཐའ་འཁྱོངས་བཅུ་བཞི”ཡི་གཞི་རྩའི་འཐབ་ཇུས་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ་བོད་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་མང་ཚོགས་ཚོས་ཏང་ལ་ལྷག་བསམ་ཟོལ་མེད་བྱེད་པའི་སྲོལ་རྒྱུན་བཟང་པོ་སྔར་བས་དར་སྤེལ་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། སྲོག་ཤིང་ལ་མཐའ་གཅིག་ཏུ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་ཟོལ་མེད། སྲུང་སྐྱོང་བཅས་བྱེད་པ། སྔ་ཕྱི་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཁ་ཕྱོགས། རྩ་དོན། འགྲོ་ལམ་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་མཐའ་གཅིག་ཏུ་ལག་བསྟར་བྱེད་དགོས་ཞེས་གསུངས་པ་རེད།


    ཝུའུ་དབྱིང་ཅེས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་གྲོལ་རྗེས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྔ་ཕྱི་བར་གསུམ་དུ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱ་རྒྱུ་དེ་ལྗོངས་ཡོངས་ཀྱི་ཆབ་སྲིད་ལས་འགན་གཙོ་བོར་བརྩི་བ་དང་ཐོག་མཐའ་བར་གསུམ་དུ་དམ་འཛིན་ནན་པོ་བྱེད་པ་དང་བྱ་སྤྱོད་ཁྲོད་དོན་འཁྱོལ་ཐུབ་པ་བྱས་ཏེ་ལྗོངས་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་འདུ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུ། རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་བཅས་སྔ་རྗེས་སུ་འཚོགས་ནས་ཆེད་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་གཟབ་རྒྱས་ངང་འཚོགས་པ་དང་ཚོགས་འདུའི་ཐོག《ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་བཅད་དེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་སྐྲུན་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། ལྗོངས་ཡོངས་ཀྱི་ཞིང་ཆེན་རིམ་པའི་ལས་བྱེད་པས་སྔོན་ལ་མིག་དཔེ་འདོན་པ་དང་དཔེ་སྟོན་སྣེ་ཁྲིད་དང་རང་འགུལ་ངང་འབྲེལ་གཏུག་བྱ་ཡུལ་དུ་བསྐྱོད་ནས་སྒྲོག་འགྲེལ་རྒྱ་ཁྱབ་བྱས་ཏེ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལས་ཁུངས་དང་། སྡེ་ཁུལ། གྲོང་གསེབ། ཁེ་ལས། དགོན་སྡེ། སློབ་གྲྭ དྲ་ཚིགས་བཅས་སུ་སྒྲོག་འགྲེལ་བྱ་རྒྱུར་སྐུལ་འདེད་བཏང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཅིག་སྡུད་སྒྲོག་འགྲེལ་ལས་ཀར་དམ་འཛིན་ཏན་ཏིག་བྱས་ཏེ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་དེ་བས་ཕྱོགས་ཡོངས་དང་ཡང་དག་ངང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁོང་དུ་ཆུད་པ་དང་། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་ལྟེ་བའི་ནང་དོན་དེ་བས་གོ་བ་གཏིང་ཟབ་ལོན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་བ་རེད།


    ཝུའུ་དབྱིང་ཅེས་གཞོན་ནུ་ཡར་རྒྱས་བྱུང་ན་རྒྱལ་ཁབ་དར་རྒྱས་ཡོང་། གཞོན་ནུ་སྟོབས་ཆེར་ཕྱིན་ན་རྒྱལ་ཁབ་སྟོབས་འབྱོར་རྒྱས། རྒྱ་ཆེའི་གཞོན་ནུ་ནི་གོམ་སྟབས་གཉིས་ལ་དབྱེ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་པའི་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་པོ་འཁུར་མཁན་གྱི་སྟོབས་གསར་དམག་དཔུང་དང་གཙོ་ཤུགས་དམག་དཔུང་ཡིན། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་གྲྭའི་ནང་སྒྲོག་འགྲེལ་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་གཞོན་ནུའི་ཁྲོད་རྒྱང་རིང་ཕུགས་བསམ་འཛུགས་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་ནང་ཧུར་ཐག་ཞུགས་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱ་ཆེའི་མཐོ་སློབ་ཀྱི་དགེ་རྒན་དང་སློབ་གསོའི་ལས་དོན་པས་ཕྲག་ཐོག་གི་བླ་ན་མེད་པའི་ལས་འགན་དང་འགན་འཁྲི་ལྕི་པོར་ངོས་འཛིན་གསལ་པོ་བྱས་ནས། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་ཐད་སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། སློབ་ཚན་འཚོགས་སྐབས་དང་སློབ་གྲྭའི་ཁོ་ར་ཁོར་ཡུག་བེད་སྤྱོད་ཡག་པོ་བྱས་ནས་རྒྱ་ཆེའི་ན་གཞོན་སློབ་མར་ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རྒྱལ་ཁབ་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་དང་དངོས་གཙོ་སྨྲ་བ་དང་ལྷ་མེད་སྨྲ་བ་བཅས་དང་ལྷག་པར་དུ་ཡང་དག་པའི་ལོ་རྒྱུས་ལྟ་བ་འཛུགས་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་ཏེ་བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ངོས་འཛིན་གསལ་པོ་ཐུབ་པ་བྱེད་པ་དང་། དར་ཆ་གསལ་སྟོན་གྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ། རང་འགུལ་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། མི་རིགས་ཁག་སེ་འབྲུའི་འབྲུ་གུ་བཞིན་གོང་བུ་གཅིག་ཏུ་འགྲིལ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་དང་། མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་བཙུགས་ཏེ་ཆོས་ལུགས་ལ་གོ་བ་ཡང་དག་ལེན་པ་དང་། ཚན་རིག་དང་མཐུན་པའི་ངང་ཆོས་ལུགས་ལ་ལྟ་སྟངས་འཛིན་དགོས་པ་མ་ཟད། རང་ཉིད་ཀྱི་གཏམ་སྤྱོད་ལ་བརྟེན་ནས་ནང་མི་དང་ཉེ་འཁོར་གྱི་མང་ཚོགས་ལ་གོམས་སྲོལ་ངན་པ་དོར་ཏེ་ཚན་རིག་དང་ཤེས་དཔལ་གོང་བཀུར་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུའི་ཤུགས་རྐྱེན་བཟང་པོ་ཐེབས་པ་བྱེད་དགོས་པ། མར་ཁེ་སི་རིང་ལུགས་ཀྱི་རིག་གནས་ལྟ་བ་བཙུགས་ཏེ་བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་ཟབ་མོ་བྱེད་པ་དང་མི་རིགས་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། དཀའ་སྤྱད་འབད་འབུངས་དང་རང་སྟོབས་རང་འཕེལ་བྱེད་པ་དང་ཤེས་བྱ་དང་བློ་གྲོས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་དགོས། སློབ་གསོའི་སྡེ་ཚན་དང་མཐོ་སློབ་ཁག་གིས་བོད་འཕེལ་རྒྱས་མྱུར་པོ་འགྲོ་བའི་དགོས་མཁོ་དངོས་དང་རང་འགུལ་ངང་འཚམ་པ་བྱས་ཏེ་ཆེད་ལས་གྲུབ་ཆ་ལུགས་མཐུན་ངང་ལེགས་སྒྲིག་བྱས་ནས་ལྗོངས་ཡོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་བྱང་ཚད་མཐོ་བའི་ཆེད་ལས་ཤེས་ལྡན་པ་སྔར་ལས་མང་བ་གསོ་སྐྱོང་བྱེད་དགོས། ཏང་གིས་མཐོ་སློབ་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ལས་ཀའི་གཙོ་ཁྲིད་དབང་ཆ་སྟངས་འཛིན་ནན་པོ་བྱས་ནས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་རྦད་དེ་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།


    ཝུའུ་དབྱིང་ཅེས་རིམ་པ་བཞིན་དབྱེ་ཞིབ་གཏིང་ཟབ་དང་། མི་སེམས་ལ་ཟུག་པ། གསོན་ཉམས་དོད་པ་བཅས་ཀྱི་སྒྲོག་འགྲེལ་གནང་བར་དགེ་སློབ་ཚོའི་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད། ཚང་མས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། རང་ཉིད་ཀྱི་དད་སེམས་དང་རེ་འདུན་དེ་སྤྱི་ཚོགས་ཀྱི་དགོས་མཁོ་དང་མི་དམངས་ཀྱི་ཁེ་ཕན་དང་ཟུང་འབྲེལ་བྱས་ནས་ཕུགས་བསམ་ཆེན་པོ་འཆང་བ་དང་། ཏན་ཏན་ཏིག་ཏིག་བྱེད་པ། རིག་གནས་ལ་སྦྱངས་པ་བྱེད་པ། འབད་འབུངས་ཡར་བརྩོན་བྱེད་པ། གཞི་རིམ་གྱི་འཐབ་ས་དང་པོར་སྦྱོང་བརྡར་དང་འཇོན་ཐང་ཆེ་རུ་གཏོང་བར་འགྲོ་གི་ཡིན་ཞེས་མགྲིན་གཅིག་ཏུ་བཤད་པ་རེད།


    སྒྲོག་འགྲེལ་ཚོགས་འདུ་གྲོལ་རྗེས་ཝུའུ་དབྱིང་ཅེས་ད་དུང་བོད་ལྗོངས་སློབ་ཆེན་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སློབ་སྦྱོང་དཔེ་དེབ་སྤྲད་པ་རེད།


    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།