[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།
  • བོད་ཀྱིས་2016ལོར་ནང་འདྲེན་བྱས་པའི་མཐོ་རིམ་ཤེས་ལྡན་པ་སྒེར་ལ་སྤྲོད་ཐེངས་གཅིག་གི་ཁ་གསབ་སྤྲད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-15

    ཤེས་ལྡན་པའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ནང་འདྲེན་བྱས་པའི་མཐོ་རིམ་ཤེས་ལྡན་པར་དོ་ཁུར་དང་དགའ་གཅེས་དོན་ཐོག་ཏུ་འཁྱོལ་བ་བྱ་ཆེད། ཉེ་ཆར། ལྗོངས་ཏང་ཨུད་རྩ་འཛུགས་པུས་2016ལོར་ནང་འདྲེན་བྱས་པའི་མཐོ་རིམ་ཤེས་ལྡན་པ་སྒེར་ལ་སྤྲོད་ཐེངས་གཅིག་གི་ཁ་གསབ་སྤྲོད་པའི་མཛད་སྒོ་འཚོགས་ནས། རང་ལྗོངས་ཀྱི་2016ལོར་ནང་འདྲེན་བྱས་པའི་ཁག་དང་པོའི་མཐོ་རིམ་ཤེས་ལྡན་པ་34ལ་ཁ་གསབ་མ་དངུལ་སྒོར་ཁྲི་214སྤྲད་པ་རེད།

    མཐོ་རིམ་ཤེས་ལྡན་པ་སྔར་བས་མང་བ་རང་ལྗོངས་སུ་གསར་གཏོད་ལས་གཏོད་ལ་ཡོང་རྒྱུར་ཡིད་དབང་འཕྲོག་ཆེད། 2015ལོར་རང་ལྗོངས་ཀྱིས་མཐོ་རིམ་ཤེས་ལྡན་པ་ནང་འདྲེན་བྱེད་པའི་བྱ་ཐབས་ཐོག་མ་དེ་བཏོན་ནས། གླ་རྔན་ཐོབ་ཆ་དང་། ལས་ཀའི་ཐོབ་ཆ། སྡོད་ཁང་གི་སྲིད་ཇུས། ནང་མི་བཀོད་སྒྲིག གོ་གནས་དཔྱད་བསྡུར་དང་གདན་ཞུ། བྱ་དགའི་སྲིད་ཇུས་སོགས་ཀྱི་ཐད་ནང་འདྲེན་བྱས་པའི་མཐོ་རིམ་ཤེས་ལྡན་པར་གཟིགས་སྐྱོང་བྱེད་ཐབས་སྤྱད་དེ་མཐོ་རིམ་ཤེས་ལྡན་པ་ནང་འདྲེན་ལ་ཕྱོགས་ཡོངས་དང་རིམ་པ་མང་བའི་འགན་ལེན་མཁོ་འདོན་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།