[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།
  • བོད་རང་སྐྱོང་ལྗོངས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནད་བསྡུས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-15

    རྩོམ་སྒྲིག་པའི་སྦྲགས་མཆན།

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་རྒྱུ་ནི། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་རང་ལྗོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་རེད། ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་འདིར་དམིགས་ནས། ད་ལམ་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་ཆེད་མངགས《ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྒྲུབ་ཕྱིར་འབད་འཐབ་ལྷོད་མེད་བྱེད་དགོས》ཞེས་པའི་རང་སྐྱོང་ལྗོངས་ཀྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནད་བསྡུས་བཟོས་ཤིང་། གནད་བསྡུས་ནང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་དང་གོ་བ་གཏིང་ཟབ་ལེན་དགོས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་ཁོང་དུ་ཡང་དག་ཆུད་པ་བྱེད་དགོས་པ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས་པ་བཅས་ནང་དོན་ཆེན་པོ་གསུམ་ལ་བགོས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གསལ་འགྲེལ་བྱས་ཡོད།


    རང་ལྗོངས་ཀྱི་ཤང་གྲོང་ལས་བྱེད་ལས་བཟོ་དང་། སློབ་གྲྭའི་དགེ་སློབ། དགོན་སྡེའི་གྲྭ་བཙུན། ཆེད་ལས་མཉམ་ལས་ཁང་གི་ལས་བཟོ། ཞིང་འབྲོག་མང་ཚོགས་བཅས་ཀྱི་ཁྲོད་དུ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པའི་ཚ་རླབས་ཤིག་སློང་ཆེད། དེ་རིང་ནས་བཟུང་། འདི་ག་ཚགས་པར་ཐོག“ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནད་བསྡུས”ཞེས་པའི་ལེ་ཚན་བཏོན་ཏེ་བསྟུད་མར་འགོད་རྒྱུ་ཡིན་པས། རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་དགྱེས་གཟིགས་ཡོད་པ་ཞུ།


    ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་ཟླ་10ཚེས་18ཉིན་ནས་ཚེས་24ཉིན་བར་པེ་ཅིང་དུ་འཚོགས་པ་དང་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་འཐུས་མི་2280དང་ཆེད་མངགས་གདན་ཞུས་འཐུས་མི་74ཚོགས་ཆེན་ལ་ཞུགས་པ་རེད། ཚོགས་ཆེན་གྱི་གྲོས་རིམ་གཙོ་བོ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་ཉན་རྒྱུ་དང་ཞིབ་བཤེར་བྱ་རྒྱུ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་ཞིབ་བཤེར་བྱ་རྒྱུ། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱ་རྒྱུ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱ་རྒྱུ་བཅས་རེད། འཐུས་མི་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འོག་ཚོགས་ཆེན་གྱི་གྲོས་རིམ་ཁག་བདེ་བླག་ངང་ལེགས་གྲུབ་ཟིན་ནས་ཐུགས་གྲ་ལེཌ་འགྲིག་བྱུང་བ་རེད།


    ད་རེས་ཀྱི་ཚོགས་ཆེན་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་ཆེན་ཧ་ཅང་གལ་ཆེན་ཞིག་དང་། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་རྒྱང་སྐྱོད་ལམ་བུ་གསར་པ་འབྱེད་པའི་ཚོགས་ཆེན་ཞིག ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། དར་ཆ་མཐོན་པོར་སྒྲེང་བ། མཐུན་སྒྲིལ་ཡར་བརྩོན་བྱེད་པ་བཅས་ཀྱི་ཚོགས་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ངང་ལེན་རྒྱུ་ནི་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལྗོངས་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དེ་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།