[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།
  • གཟུགས་བརྙན་གསར་པར་གསོན་ཤུགས་གསར་པ་རྒྱས།

    བོད་ཀྱི་གྲོང་ཚོ(གྲོང་ལྷན)རྩ་འཛུགས་ཀྱི་སྐབས་བརྗེ་འདེམས་བསྐོའི་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-14

    ད་ལོའི་ཟླ་6པར་ལྗོངས་ཡོངས་ཀྱི་གྲོང་ཚོའི(གྲོང་ལྷན)རྩ་འཛུགས་ཀྱི་སྐབས་བརྗེ་འདེམས་བསྐོའི་ལས་དོན་སྤེལ་འགོ་ཚུགས་ཚུན། ལྗོངས་ཡོངས་ཀྱིས་སྐབས་བརྗེ་འདེམས་བསྐོར་བརྟེན་ནས་མི་སེམས་གཅིག་སྒྲིལ་དང་། བསམ་ཕྱོགས་གསེད་བཀྲོལ། འཕེལ་རྒྱས་དོན་གཉེར། བརྟན་ལྷིང་སྐུལ་གཏོང་། དམངས་གཙོ་དར་སྤེལ། ཞི་མཐུན་སྐུལ་འདེད་བཅས་ཀྱི་བསམ་ཕྱོགས་བརྟན་པོར་ཆགས་པར་བྱས་པ་དང་། ཏང་གི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་སྐབས་བརྗེ་འདེམས་བསྐོའི་ལས་དོན་གྱི་སྔ་ཕྱི་ཡོངས་ལ་ཁྱབ་པར་བྱས་ནས་གྲ་སྒྲིག་ལས་དོན་ཏན་ཏིག་ནུས་ལྡན་དང་། རྩ་འཛུགས་འགོ་ཁྲིད་འགན་སྲུང་ནུས་ལྡན། ལག་བསྟར་བརྒྱུད་རིམ་ཁྲིམས་ལྟར་གོ་རིམ་ཡོད་པ། འདེམས་བསྐོའི་འབྲས་བུའི་ཕན་འབྲས་མངོན་གསལ་དོད་པ་བཅས་བྱུང་བ་མ་ཟད། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་ཆེད་རྩ་འཛུགས་ཀྱི་རྨང་གཞི་བརྟན་པོ་བཏིངས་ཡོད། མིག་སྔའི་བར་ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་ཕུད་དེ་བྱིངས་ཀྱི་གྲོང་ཁྱེར་དང་ས་ཁུལ་གཞན་དག་5ལ་གྲོང་ཚོ(གྲོང་ལྷན)རྩ་འཛུགས་ཀྱི་སྐབས་བརྗེ་འདེམས་བསྐོའི་ལས་དོན་ལེགས་གྲུབ་བྱུང་ཡོད།

    འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་ཏན་ཏིག་ཁུར་བ།

    རང་སྐྱོང་ལྗོངས་ཀྱིས་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་བློ་མཐུན་ཏིང་ཡེ་ཤན་གྱིས་ཙུའུ་ཀྲང་གནང་བའི་ལྗོངས་ཡོངས་ཀྱི་གྲོང་ཚོའི(གྲོང་ལྷན)རྩ་འཛུགས་ཀྱི་སྐབས་བརྗེ་འདེམས་བསྐོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་གཞུང་ལས་ཁང་བཙུགས་པ་དང་། གྲོང་ཁྱེར་དང་ས་ཁུལ་དེ་བཞིན་རྫོང(ཆུས)གིས་གྲོང་ཨུད་དང་ས་ཨུད་ཀྱི་ཧྲུའུ་ཅི་དང་རྫོང(ཆུས)ཨུད་ཀྱི་ཧྲུའུ་ཅིས་ཙུའུ་ཀྲང་གནང་བའི་གྲོང་ཚོའི(གྲོང་ལྷན)རྩ་འཛུགས་ཀྱི་སྐབས་བརྗེ་འདེམས་བསྐོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་གཞུང་ལས་ཁང་སོ་སོར་བཙུགས་ཏེ“འགན་འཁུར་བ་དང་པོའི”འགན་འཁྲི་ཁུར་ཡོད། ཐིང་རིམ་པ་རྒན་པའི་ལས་བྱེད་པས་ཙུའུ་ཀྲང་གི་འགན་འཁུར་བའི་རང་སྐྱོང་ལྗོངས་ཀྱི་མཛུབ་ཁྲིད་ཞིབ་བཤེར་ཚོགས་ཆུང་7བཙུགས་ནས་གཞི་རིམ་དུ་བསྐྱོད་དེ་ལྟ་སྐུལ་ཞིབ་བཤེར་དང་མཛུབ་ཁྲིད་བྱས་ནས་སྐབས་བརྗེ་འདེམས་བསྐོའི་ལས་དོན་ཧྲིལ་པོ་མཐོ་ཚད་གསར་པའི་འཆར་འགོད་དང་སྤུས་ཚད་མཐོ་བའི་སྐུལ་སྤེལ་འགན་ལེན་བྱས་པ་དང་། རིམ་ཁག་ཏང་རྩ་འཛུགས་ཀྱིས་གཅིག་སྡུད་གསོ་སྦྱོང་བྱེད་པ་དང་། སྦྱོང་བརྡར་གྱི་ཚབ་ཏུ་ཚོགས་འདུ་འཚོགས་པ། བོད་རྒྱ་ཡིག་རིགས་གཉིས་ཀྱི་སྐབས་བརྗེ་འདེམས་བསྐོའི་ལས་དོན་གྱི་མཛུབ་ཁྲིད་ལག་དེབ་རྩོམ་སྒྲིག་པར་འདེབས་བྱེད་པ་སོགས་ལ་བརྟེན་ནས་སྐབས་བརྗེའི་ལས་སྒྲུབ་མི་སྣ་དང་། མཛུབ་ཁྲིད་ཞིབ་བཤེར་མི་སྣ། གྲོང་ཚོའི(གྲོང་ལྷན)རྩ་འཛུགས་ཀྱི་འགན་འཁུར་བ་བཅས་ལ་ལས་སྒོའི་གསོ་སྦྱོང་བྱས་པ་རེད།

    མི་སྣ་འདེམས་པའི་སྟོན་ཕྱོགས་མངོན་གསལ་དོད་པ།

    རང་ལྗོངས་ཀྱི་གྲོང་ཚོའི(གྲོང་ལྷན)རྩ་འཛུགས་ཀྱི་སྐབས་བརྗེ་འདེམས་བསྐོའི་ལས་དོན་ལ་སྐུལ་སྤེལ་གཏོང་རིང་། རིམ་ཁག་ཏང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་ལྗོངས་ཏང་ཨུད་ཀྱིས་བཏོན་པའི“ཡིན་ཕྱིན་བཞི”ཡི་བླང་བྱ་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་ཚད་གཞི་འོས་མིའི་ཆ་རྐྱེན་གཙོ་བོར་ཐོག་མཐའ་བར་གསུམ་དུ་བཞག་པ་དང་། ཉན་པ། བཅར་འདྲི། དཔྱད་དཔོག འདུམ་འགྲིག་སོགས་ལ་བརྟེན་ཅིང་། ཏང་ཡོན་དང་། མང་ཚོགས། “འཐུས་མི་གཉིས་དང་ཨུ་ཡོན་གཅིག” “རྒན་གྲས་གསུམ”སོགས་ཀྱི་བསམ་འཆར་རྒྱ་ཁྱབ་ངང་ཉན་པའི་རྨང་གཞིའི་ཐོག་ཚད་གཞི་དང་ཆ་རྐྱེན། གོ་རིམ་དང་བྱེད་སྟངས་བཅས་ནན་དུ་བཏང་ནས་མི་དོན་བཀོད་སྒྲིག་གི་ཇུས་གཞི་རེ་རེ་བཞིན་བཟོས་པ་དང་ཞིབ་བཤེར་བྱས་ཡོད།

    གྲོང་ཁྱེར་དང་ས་ཁུལ་ཁག་གིས་ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པ་དང་། ལག་རྩལ་འཇོན་ཐང་ཅན། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི། “སྔོན་ཐོན་གཉིས་ལྡན་དུད་སྦྲེལ” ཕ་ཡུལ་དུ་ལོག་པའི་ཆེད་སྦྱོང་དང་འབྲིང་རིམ་ཆེད་སྦྱོང་གི་སློབ་ཐོན་སློབ་མ། ཕྱིར་སྐྱོད་ལས་མི་དང་ཚོང་པ། མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་དང་ཤེས་དཔལ་ཁྱིམ་ཚང་གི་ཏང་ཡོན་བཅས་ཀྱི་ནང་ནས་གྲོང་ཚོའི(གྲོང་ལྷན)ལས་བྱེད་པ་འདེམས་སྒྲུག་བྱེད་པར་སྣང་ཆེན་བྱས་པ་དང་། འཐབ་ཕྱོགས་གཅིག་གྱུར་མི་སྣ་དང་དེའི་རྗེས་རབས་པ། དེ་བཞིན་བོད་ཞི་བས་བཅིངས་འགྲོལ་དང་དམངས་གཙོའི་བཅོས་སྒྱུར་སོགས་ལོ་རྒྱུས་ཀྱི་དོན་ཆེན་ནང་ང་ཚོར་སྒེར་སེམས་མེད་པར་རོགས་སྐྱོར་དང་རོགས་རམ་ཆེན་པོ་བྱེད་མཁན་མང་ཚོགས་དང་རང་སྲོག་བློས་བཏང་བའི་མང་ཚོགས་ཀྱི་རྗེས་རབས་པའི་ནང་ནས་ཏང་ཡོན་ཡིན་པའི་བློ་མཐུན་གྱིས་གྲོང་ཚོའི(གྲོང་ལྷན)ལས་བྱེད་པའི་འགན་འཁུར་བར་འདེམས་སྒྲུག་བྱེད་པར་སྣང་ཆེན་བྱས་ཡོད།

    གོ་རིམ་ཚད་ལྡན་ཡོང་བར་བྱས་ནས་དོན་འཁྱོལ་ལ་དམ་འཛིན་བྱས་པ།

    རང་ལྗོངས་ཀྱི་གྲོང་ཚོའི(གྲོང་ལྷན)རྩ་འཛུགས་ཀྱི་སྐབས་བརྗེ་འདེམས་བསྐོའི་ལས་དོན་སྤེལ་རིང་། ལྗོངས་ཡོངས་ཀྱི་གྲོང་ཚོའི(གྲོང་ལྷན)རྩ་འཛུགས་ཀྱི་སྐབས་བརྗེ་འདེམས་བསྐོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས“དོ་སྣང་བྱ་རྒྱུའི་དོན་གནད་14”དང་མི་དོན་བཀོད་སྒྲིག་ཇུས་གཞིའི་སྔ་རྗེས་ཀྱི་ལྟ་སྡུར་རེའུ་མིག་ཞིབ་འཇུག་བྱས་ནས་བཟོས་པར་བརྟེན། གཞི་རིམ་ཏང་ཡོན་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་ཡོངས་སུ་ཁྱབ་པ་དང་། ཤང་དང་གྲོང་རྡལ་གྱི་ཏང་ཨུད་ཞིབ་འཇུག་ཡོངས་སུ་ཁྱབ་པ། སྲིད་གཙང་ཞིབ་བཤེར་ཡོངས་སུ་ཁྱབ་པ། རྩ་འཛུགས་སྡེ་ཚན་གྱི་དཔྱད་ཞིབ་ཡོངས་སུ་ཁྱབ་པ། རིམ་ཁག་སྐབས་བརྗེ་སྡེ་ཚན་གྱི་ཞིབ་བཤེར་ཡོངས་སུ་ཁྱབ་པ་བཅས་བྱུང་ཞིང་། དུས་འགོའི་བརྟག་ཞིབ་ལས་དོན་གྱི་ཇུས་གཞི་འཐུས་སྒོ་ཚང་དུ་བཏང་བ་དང་བརྟག་དཔྱད་འདྲི་ཤོག་བཟོས་ཏེ་སྔ་རྗེས་སུ་གྲོང་ཁྱེར་དང་ས་ཁུལ་7དུ་ཐེངས་མང་བསྐྱོད་ནས་སྐབས་བརྗེའི་དུས་འགོའི་གྲ་སྒྲིག་དང་འདེམས་བསྐོ་ལག་བསྟར་གྱི་གནས་ཚུལ་ལ་བརྟག་ཞིབ་དང་ལྟ་སྐུལ་ཞིབ་བཤེར་བྱས་པས་བརྟག་ཞིབ་སྙན་ཞུ་མང་པོ་གྲུབ་པ་དང་དེ་དག་གི་ནང་གནད་དོན་དང་བསམ་འཆར་བཏོན་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།