[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • གཏམ་དཔེ་རྣ་བའི་བུ་རམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-19

    ※ཀོ་བ་གཅིག་ནས་དྲས་པའི་རྒྱུན་བུ་དང་། ཤ་ཁོག་གཅིག་ནས་གཏུབས་པའི་ཏིག་ག

    ※དཀའ་བའི་དུས་སུ་གྲོཌ་པོའི་བཟང་ངན་རྟོགས། འདམ་ནང་རྟ་ཕོའི་ཤེད་ཤུགས་ཤེས།

    ※དཀར་མོ་ནས་ཀྱི་གོང་ཐང་ཆོད་ཚར་ན། གྲོ་དང་སྲན་མའི་གོང་ཐང་ཤོད་མི་དགོས།

    ※བཀའ་མདོ་རྒྱུད་སེམས་དང་མ་འདྲེས་ན། ཆོས་དཔེ་ཀློག་ནེ་ཙོའི་མ་ཎི་འདྲ།

    ※བསྐོས་པའི་ལས་ལ་ཟློག་ཐབས་མེད། དཔྲལ་བའི་གཉེར་མ་འཕྱིད་ཐབས་མེད།

    ※དཀོན་གཉེར་ཕྱི་བདར་མཁས་དྲཌ་ན། གསེར་སྐུ་རག་ལ་བཏང་ཡོང་ངོ་།

    ※སྐྱིད་པོ་ལ་སྒུག་ལོང་དང་། སྡུག་པོ་ལ་སངས་དུས་ཡོད།

    ※སྐྱིད་པོ་ཤྭ་ཕོའི་རྭ་ལས་རིང་། སྡུག་པོ་དགོ་ཕོའི་བྲུན་ལས་མང་།

    ※སྐྱིད་པོའི་ཁ་བཤད་དེ། སྡུག་པོའི་སྐྱོ་རོཌ་མི་ཡོང་།

    ※སྐྱིད་པོར་གཉིས་བརྩེགས་མེད་པའི། སྡུག་པོར་གསུམ་བརྩེགས།

    ※སྐྱུར་ཆུས་མྱོས་ནས། སྐྱུར་འགོང་ཤོད།

    ※སྐྱེ་ཐེངས་གཅིག་ལ་ཤི་ཐེངས་གཉིས།

    ※སྐྱེ་བོ་དམ་པ་ངན་པ་དང་། འགྲོགས་ན་ངན་པའི་ཤར་དུ་གྱུར།

    ※སྐྱིན་པ་ཆུ་ཡིན་ཡང་སླ་རུ་མ་གཏོང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།