[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ​མེས་རྒྱལ། ང་ཡི་ཡོད་ཚད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ལོ་རིམ་9འཛིན་གྲྭ་3 ཨོ་རྒྱན་སྒྲོལ་མ།    |    སྤེལ་དུས།   2019-10-29

    མེས་རྒྱལ་ནི་ང་ཚོ་ཀྲུང་ཧྭ་མི་དམངས་བུ་ཕྲུག་རྣམས་ཀྱི་བློ་སེམས་བཅོལ་ས་དེ་ཡིན།

    མེས་རྒྱལ་ནི་ལམ་སྟོན་སྒྲོན་མེ་ཞིག་དང་འདྲ་ལ། མེས་རྒྱལ་ནི་ང་ཚོར་ཚེ་སྲོག་གཉིས་པ་གནང་མཁན་གྱི་ལྷ་རྗེ་དང་མཚུངས། གལ་ཏེ་མེས་རྒྱལ་མེད་ན་ང་ཚོ་ནམ་ཡང་མུན་ནག་གི་ཁོར་ཡུག་ཏུ་གནས་སྲིད། གལ་ཏེ་མེས་རྒྱལ་མེད་ན། ང་ཚོའི་ད་ལྟའི་སྤྲོ་སྣང་ལྡན་པའི་འཚོ་བ་གསར་པ་དེ་ག་ལ་ཡོད། བགྲང་བྱ་བདུན་ཅུའི་ནང་ཡང་དག་གི་སྲིད་ཇུས་བཟང་པོ་དང་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་དབུ་ཁྲིད་འོག་དམངས་གཙོའི་བཅོས་སྒྱུར་བྱས་པས་ཆབ་སྲིད་དང་སློབ་གསོ། རིག་གནས་སོགས་བྱ་གཞག་གང་ཅིར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

    ད་ལྟ་ང་ཚོའི་ཟས་གོས་སྡོད་གསུམ་ལ་སེམས་ཁྲལ་གང་ཡང་བྱེད་མི་དགོས་ལ། མི་རྣམས་ཀྱི་འཚོ་བའི་ཆ་རྐྱེན་ཉིན་རེ་ལས་ཉིན་རེ་ཇེ་ལེགས་སུ་འགྲོ་བ་དང་མི་རིགས་ང་དྲུག་མཐུན་སྒྲིལ་གྱི་མེ་ཏོག་བཞད། ཀྲུང་གོ་གུང་ཁྲན་ཏང་ཡོད་པས། ང་ཚོར་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་རྒྱུ་བྱུང་ལ། ང་ཚོར་རིག་གནས་སྦྱོང་བའི་གོ་སྐབས་ཀྱང་བྱུང་། དེས་ན་ང་ཚོས་རླབས་ཆེན་མེས་རྒྱལ་གྱི་བཀའ་དྲིན་ནམ་ཡང་བརྗེད་ག་ལ་སྲིད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།