[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • མ་ཡུམ་མེས་རྒྱལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ ལོ་རིམ་9འཛིན་གྲྭ་2 དོན་གྲུབ་མཚོ་མོ།    |    སྤེལ་དུས།   2019-10-29

    འཕེལ་རྒྱས་ཀྱི་ཡང་རྩེ།

    ཤེས་རིག་གི་གཏེར་མཛོད།

    སེམས་དབུས་ཀྱི་ཉི་གཞོན།

    ཀྱེ། མེས་རྒྱལ་ལགས།

    ཁྱེད་ཀྱི་འཕེལ་རྒྱས་ཀྱི་གོམ་སྒྲ་ཐོས་དུས།

    ཁྱེད་ཀྱི་གཟི་བརྗིད་ཀྱི་སྤོབས་པ་བསྒྲགས་དུས།

    ཁྱེད་ལ་དགའ་ཞིང་ཁྱེད་ལ་དུངས།


    ཀྱེ། མེས་རྒྱལ་ལཌ། ཁྱེད་ཀྱི་དྲིན་ལས།

    དར་ཞིང་རྒྱས་པའི་ཁྲོམ་ར།

    རྣམ་པར་བཀྲ་བའི་ཁང་བཟང་།

    གཞུང་དྲང་ཁྲིམས་ཀྱི་ལམ་ལུགས།

    དགའ་ཞིང་སྐྱིད་པའི་འཚོ་བ།

    དེ་དག་ཡོད་ཚད་ཁྱེད་ཀྱི་དྲིན་ལས་བྱུང་།

    གསུམ་འགན་ལེན་གྱི་སྲིད་ཇུས་ནི།

    ང་ཚོ་ཞིང་འབྲོག་བུ་ཕྲུག་གི་འཚོ་རྟེན།

    སྔོན་མ་མེད་པའི་འགན་བཅོལ་སྣ་ཚོགས་ནི།

    ཁྱེད་ཀྱིས་གནང་བའི་སྲིད་བཟང་ཉི་གཞོན་འདྲ།


    མེས་རྒྱལ་ལགས།

    ཁྱེད་ཀྱི་སྙན་གྲགས་ནི།

    རླབས་ཕྲེང་ལྟར་དགུང་དུ་འཕྱུར།

    མེས་རྒྱལ་ལགས།

    ཁྱེད་ཀྱི་གཟི་བརྗིད་ནི།

    ཆུ་སྤྲིན་བཞིན་མཁའ་རུ་འཕགས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།