[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • བསྟོད་ཚིག་ཡིད་ཀྱི་མེ་ཏོག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བསོད་ནམས་རྒྱལ་པོ།    |    སྤེལ་དུས།   2019-10-06

    བུ་ཆུང་འཚར་ལོངས་བྱུང་ས། །

    སྐར་ལྔའི་དར་དམར་འོག་ཡིན། །

    ཡང་དག་ཏང་གི་དྲིན་གྱིས། །

    ལང་ཚོའི་འདབ་མ་རྒྱས་བྱུང་། །

    ལང་ཚོའི་འདབ་མ་རྒྱས་དུས། །

    བྱ་གཞག་མེ་ཏོག་སྒྲུབ་ཏེ། །

    བྱམས་བརྩེ་བཀའ་དྲིན་ཆེ་བའི། །

    ཏང་ལ་ལེགས་སྐྱེས་ཕུལ་ཆོག །

    སྔོན་ཆད་བོད་མིའི་འཚོ་བ། །

    ཕྱུགས་ཟོག་དང་འདྲ་ནི་འདྲ་བྱུང་། །

    གླ་མེད་ལས་དེ་དཀའ་ལ། །

    ཟས་མེད་ལྟོགས་སྐོམ་ཆེ་བ། །

    སྣང་བྱེད་འོད་ལ་འཁུ་བའི། །

    རླབས་ཆེན་གུང་ཁྲན་ཏང་གིས། །

    བོད་ལ་བཅིངས་འགྲོལ་བཏང་བས། །

    བདེ་སྐྱིད་འོད་སྣང་འཆར་བྱུང་། །

    ལྷབ་ལྷུབ་གཡོ་བའི་དར་དམར། །

    གུས་པའི་སྙིང་གི་ནོར་བུ། །

    དང་བླངས་དམག་གི་སྙན་དབྱངས། །

    བུ་ངའི་རྣ་བའི་བུ་རམ། །

    གངས་ལྗོངས་མཛེས་པའི་ཞིང་ལ། །

    སྒྱུར་བཅོས་མེ་ཏོག་འཁྲུངས་བྱུང་། །

    སྐལ་བཟང་རྣམ་པ་གསར་པས། །

    རྐང་དྲུག་བོད་མི་མྱོས་སོང་། །

    དམངས་སེམས་ལྷ་ལམ་ཡངས་པོར།།

    ཏང་གི་ཉིན་བྱེད་འཛུམ་བྱུང་། །

    རྗེས་ལུས་མུན་པ་མཐུག་པོ། །

    སྲིད་ཇུས་ཟེར་བརྒྱས་སེལ་སོང་། །

    བདག་སེམས་ཉ་ཆུང་གསེར་མིག །

    མེས་རྒྱལ་དངས་གཙང་ཆུ་བོ། །

    ཆུ་དང་ཉ་མོའི་ལས་དབང་། །

    ནམ་ཡང་མཉམ་དུ་འདྲེས་སོང་། །

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།