[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • དྲན་གླུ་ངག་གི་སྙེ་མ།

    —— ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་བཀྲ་ཤིས་རྟེན་འབྲེལ་མཚོན་ཆེད་དུ་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ལྕང་བུ་ཆུང་།    |    སྤེལ་དུས།   2019-10-06

    ཀ་བཞི་གདུང་བརྒྱད་བཀོད་ལེགས་ཁང་བཟང་གི །

    ཁ་དོག་རྣམ་བཀྲའི་ངོ་མཚར་ལྡེབས་རིས་ངོས། །

    ག་ལེར་ཆུ་བུར་མིག་གིས་ལྟ་བའི་ཚེ། །

    ང་ཚོའི་སྐྱབས་མཆོག་མེས་པོའི་གསེར་ཞལ་མཇལ། །


    ང་ཅག་ཕུན་ཚོགས་ལམ་དུ་འདྲེན་པ་པོ། །

    ག་ལེར་དཀའ་སྤྱད་སྡུག་བཟོད་ཕ་མེས་ཡིན། །

    ཁ་བཤད་ལག་ལེན་འཁྱོལ་བའི་མེས་པོ་ཚོའི། །

    ཀ་དག་མཛད་འཕྲིན་མ་བརྗེད་སྙིང་ནས་དྲན། །


    ཅ་ཅོ་འུར་ཟིང་འཁྱིལ་བའི་དུས་རབས་དང་། །

    ཆ་ཤས་གཡས་གཡོན་ལྷུང་བའི་ནང་དམེའི་ཁྲོད། །

    ཇ་ཆུ་འདྲེས་ལྟར་ཀྲུང་ཧྭ་མཐུན་སྡེབ་ཀྱི། །

    ཉ་གང་ཟླ་གཞོན་འཚེར་འདྲའི་མཛད་འཕྲིན་དྲན། །


    ཏཱ་རེན་དཔོན་ངན་རྩ་བ་དྲུངས་ནས་བཅད། །

    ཐ་ཤལ་འཁྱོག་པོའི་སྐྱེ་བོར་དྲང་ལམ་བསྟན། །

    ད་དུང་ཐབས་ཤེས་ཟུང་གིས་མ་རུང་ཚོགས། །

    ན་ཚ་བཅོས་ལྟར་ཞི་བའི་རྣམ་ཐར་དྲན། །


    པ་སངས་རྒྱུ་སྐར་འོད་དཔལ་ཆེར་བསླུས་ཤིང་། །

    ཕ་རོལ་ཟིལ་གྱིས་མནོན་པའི་དགོངས་པ་ཡིས། །

    བ་ལང་བརླང་སྤྱོད་འདུལ་བའི་བྱེད་པོ་མཆོག །

    མ་ཡུམ་ཏང་གི་མི་རབས་གོང་མ་དྲན། །


    ཙ་རིའི་འཕྲང་གཟར་རྗེས་འགྲོའི་ལོ་རྒྱུས་ལམ། །

    ཚ་གྲང་ངར་མའི་མཚོན་ཆས་ཁེངས་ན་ཡང་། །

    ཛ་ཛོར་སྤྱོད་བྲལ་དམངས་དོན་ཐུགས་དབྱིངས་སུ། །

    ཝ་ལེར་འཆང་བའི་རླབས་ཆེན་གང་སྐུ་དྲན། །


    ཞ་བོ་རྟེན་འཁར་བྲལ་འདྲའི་མི་སེར་རྣམས། །

    ཟང་ཟིང་ལོ་བཅུའི་རྦ་ཀློང་དྲག་པོ་ལས། །

    འ་འུར་མེད་པར་ཐུགས་རྗེའི་ཀྱོ་བ་ཡིས། །

    ཡ་མེད་ཞི་བདེའི་གླིང་དུ་དྲངས་མཛད་རྨད། །


    མཁྲེགས་འཛིན་ར་རིས་སྦགས་པའི་ལྟ་སྤྱོད་ཀྱིས། །

    ལ་མོའི་ཕར་ངོགས་རྨོངས་གཉིད་ཡུར་བའི་ཚུལ། །

    ཤ་ཞེན་ཆེན་པོས་རྗེས་ལུས་རྒྱུར་གཟིགས་ནས། །

    ས་འདིར་སྤེལ་བའི་སྒྱུར་བཅོས་སྒོ་དབྱེ་དྲན། །


    ཧ་ཅང་བཟློག་དཀའི་ནང་འཁྲུག་ཚུར་རྒོལ་གྱི། །

    “ཨ་ར་ཨ་ཧོ”ཟེར་བའི་དུས་ངན་ཁྲོད། །

    ཨ་མས་བུ་བཞིན་དམངས་རྣམས་བྱམས་བརྩེ་ཡིས། །

    ཧ་ཅང་ཞི་བདེར་དྲངས་ཚུལ་སྙིང་ནས་དྲན། །


    ས་སྟེང་མཁས་དགུའི་བློ་རིག་ཡོངས་འདུས་འདྲའི། །

    ཤ་སྟག་མཁྱེན་པའི་བློ་གྲོས་མཁའ་ལམ་ངོགས། །

    ལ་ཤས་ཙམ་མིན་རིག་གཞུང་སྤྲིན་ཚོགས་རྒྱུ། །

    ར་བ་གངས་བསྐོར་ཡུལ་ནས་མགོན་ཁྱོད་དྲན། །


    ཡ་རབས་ཀྲུང་གོའི་སྤྱོང་བཟང་དལ་འགྲོའི་རྒྱུན། །

    འ་འུར་གཉིས་འཕུང་ལོག་སྤྱོད་ག་ལ་ཡིན། །

    ཟ་བཏུང་ལོངས་སྤྱོད་འཕེལ་བས་འཚོ་བ་སྐྱིད། །

    ཞར་ཞོར་ཐོན་ལས་རྒྱས་པས་མངའ་ཐང་རྫོགས། །


    འོ་བརྒྱལ་དཀའ་བ་དམངས་ཀྱི་དོན་དུ་སྤྱད། །

    ཛ་དྲག་འཕྲིན་ལས་གཅིག་རྗེས་གཉིས་མཐུད་བསྒྲུབས། །

    ཚ་རླབས་འཕྱུར་བའི་དུས་ཀྱི་འགྲན་རའི་ཁྲོད། །

    རྩ་བརྟན་འཕེལ་རྒྱས་བྱུང་བས་མགོན་ཁྱོད་དྲན། །


    མ་འོངས་ཕུགས་འདུན་མ་བརྗེད་སྙིང་ཁར་བཅངས། །

    བ་ཚས་མ་འདྲེས་ཐུགས་དམ་བརྟན་པོར་བརྐོས། །

    ཕ་དང་མ་བཞིན་དམངས་ཀྱི་བདེ་སྡུག་རྣམས། །

    པ་ལོ་བཞིན་དུ་གཙོར་འཛིན་མགོན་ཁྱོད་དྲན། །


    ན་ཚོད་བགྲང་བྱའི་ཁུར་གྱིས་ལྕི་ན་ཡང་། །

    ད་དུང་རྣམ་དཀར་བྱེ་བའི་ལྷག་བསམ་གྱིས། །

    ཐ་ཆད་རྨོངས་ལ་ཐབས་མཁས་བླང་དོར་བསྟན། །

    ཏཱ་རེན་དཔོན་ཉམས་སྤངས་ཁྱོད་ལྷག་པར་དྲན། །


    ཉ་གང་ཟླ་ལྟར་བཀྲ་ཤིས་ཡོངས་འཁྱིལ་ཞིང་། །

    ཇ་ཆང་འདོད་རྒུར་རྨུགས་འཛིན་དབང་པོ་ཡིས། །

    ཆ་ཙམ་མི་བཟོད་སྲིད་འདིའི་གཙུག་རྒྱན་ཁྱོད། །

    ཅ་གས་བསྐྱངས་པའི་བདག་བློར་ཡུན་དུ་བཞུགས། །


    ང་ཅག་རླབས་ཆེན་མེས་རྒྱལ་འཁྲུངས་སྐར་ཉིན། །

    ག་བུར་རྡུལ་བྲལ་མེས་པོའི་སྐུ་པར་མཇལ། །

    ཁ་ཞེ་གཉིས་མེད་མཚུངས་མེད་མཛད་འཕྲིན་འགའ། །

    ཀ་ཕྲེང་བརྒྱུད་དེ་དྲན་པའི་ཀློང་ནས་བརྡོལ། །

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།