[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ལོ་རྒྱུས་ཀྱི་འཕོ་འགྱུར་ཆེ་མོ།

    ​ —— ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ ལྡོང་ངེ་དཔལ་ཐར་རྒྱལ།    |    སྤེལ་དུས།   2019-10-06

    དུས་གསར་ཉི་གཞོན་དྲོན་མོ་དགུང་ནས་འཛུམ་ཐལ། །

    ཇུས་བཟང་གསེར་གྱི་མེ་ཏོག་སྤང་ནས་བཞད་ཐལ། །

    ཡོད་ཚད་མཆོང་སྐྱོད་རྣམ་པའི་ལམ་དུ་སྙེག་དུས། །

    ས་ཕྱོགས་ཀུན་ཏུ་འཕོ་འགྱུར་གསར་པས་ཁེངས་སོང་། །


    གྲོང་གསེབ་གསར་པའི་འཛུགས་སྐྲུན་ཚ་རླབས་འཕྱུར་འགྲོ །

    དམངས་འཚོ་ལེཌ་བཅོས་ཡར་ངོའི་ཟླ་བཞིན་འཕེལ་འགྲོ །

    ལག་རྩལ་བཟོ་ལས་རིག་པ་ཉིན་བཞིན་རྒྱས་འགྲོ །

    ཏང་ལ་བསྟོད་པའི་གླུ་དབྱངས་སྙན་མོ་གྱེར་འགྲོ །


    འདས་སོང་དཀའ་སྡུག་ལོ་ཟླ་རྒྱང་ལ་བསྐྱུར་བའི། །

    བདེ་སྐྱིད་འཚོ་བ་བསམ་བཞིན་དགའ་བས་མྱོས་འགྲོ །

    བདེ་སྡོད་ལས་བརྩོན་ལས་གྲྭ་དོན་དུ་འཁྱོལ་བས། །

    དེང་རབས་ཁྱད་ཆོས་ལྡན་པའི་ཁང་བཟང་བསྐྲུན་ཐལ། །


    མཐོན་པོའི་བྲག་དང་དམའ་མོའི་ལུང་གཞུང་རིང་མོར། །

    དམངས་འཚོའི་འདུ་འགོད་རིམ་པར་ལག་ལེན་བསྟར་བས། །

    གནའ་བོའི་རྟ་དྲེལ་འགྲོ་སའི་འཕྲང་ལམ་ཁག་ལ། །

    དེང་དུས་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་སོང་། །


    གྲོང་དང་དགོན་སྡེར་ཡོད་དགུའི་ཇུས་གཞི་འཁྱོལ་བས། །

    མི་དམངས་མང་ཚོཌ་བདེ་སྐྱིད་འཛུམ་མདངས་རྒྱས་སོང་། །

    བརྙན་འཕྲིན་རླུང་འཕྲིན་དྲ་བ་ལ་སོགས་བརྒྱུད་ནས། །

    འཛམ་གླིང་འཕོ་འགྱུར་རི་མོ་མིག་ངོར་འཆར་སོང་། །


    ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ལས་འགུལ་ཁྲོད་དུ། །

    རྙིང་བཅོས་གསར་སྤེལ་ཇུས་གཞི་ལག་ལེན་བསྟར་བས། །

    བགྲང་བྱ་བཅུ་ཕྲག་འགའ་ཡི་ལོ་རྒྱུས་མཚམས་ན། །

    དབུལ་སྒྲོལ་ཕྱུག་འགྱུར་ལམ་བུ་ཡངས་ཤིང་ཆེ་འོ། །


    ལས་རིགས་ཁག་གི་བྱ་གཞག་སྣ་ཚོགས་ཁྲོད་དུ། །

    མི་རིགས་ཁག་གི་སྤུན་ཟླ་ལྷན་དུ་འཛོམས་ནས། །

    འབྱུང་འགྱུར་བོད་ཀྱི་འཕེལ་རྒྱས་བརྟན་ལྷིང་ཆེད་དུ། །

    ཉིན་མཚན་ཀུན་ཏུ་བརྩོན་པའི་གྲུ་ལ་བསྟེན་འདུག །


    ཀ་བ་གདུང་ལྕམ་མེད་པའི་ཁང་བཟང་ནང་དུ། །

    བདེ་སྐྱིད་འཚོ་བ་མངར་མོ་ལོངས་སུ་སྤྱོད་ཀྱིན། །

    དུས་རབས་གསར་པ་ཞིག་གི་འཕོ་འགྱུར་གླེང་ནས། །

    ཀུན་གྱི་མདུན་སྐྱོད་བློ་སྤོབས་སྔར་བས་འཕེལ་ལོ། །


    ཁྲོན་བོད་གློག་ཤུགས་དྲ་རྒྱ་ས་མཐོར་བཙུགས་པས། །

    གངས་ལྗོངས་འཚོ་བའི་སྦྲང་རྩི་དེ་བས་ཞིམ་བྱུང་། །

    འཕེལ་རྒྱས་བརྟན་ལྷིང་སྐོར་གྱི་དོན་ཆེན་གླེང་ཚེ། །

    ཕན་ཚུན་བཞིན་ནས་དགའ་བའི་འཛུམ་མདངས་རྒྱས་བྱུང་། །


    སྐུད་མེད་བརྡ་འཕྲིན་ཞགས་པ་གང་སར་བརྐྱངས་པས། །

    ཕན་ཚུན་འབྲེལ་བར་སྟབས་བདེ་གང་ལེཌ་བསྐྲུན་ཐལ། །

    ཁ་པར་སྣེ་ནས་འཚོ་བའི་འགྱུར་ལྡོག་གླེང་སྐབས། །

    བཀྲ་ཤིས་གཏམ་བཟང་ནམ་ཡང་རྫོགས་རྒྱུ་མིན་འདུག །


    རྫ་ལུང་ཡུལ་ནས་འབབ་པའི་གཏེར་ཆུ་དྭངས་མོ། །

    བློ་དང་རིག་པའི་ལམ་ནས་གྲོས་བསྡུར་བྱས་ཏེ། །

    དམངས་ལ་མཁོ་བའི་འཐུང་ཆུའི་དཀའ་ངལ་བསལ་ནས། །

    ཆུ་འཐེན་ལས་སྒྲུབ་བགྱིས་པས་དམངས་སེམས་སྤྲོའོ། །


    གངས་ལྗོངས་ས་མཐོའི་རྣམ་པ་གསར་པ་མངོན་འགྲོ །

    ཀུན་ཀྱང་སྔོན་ཐོན་ཕྱོགས་སུ་གོམ་ཆེན་སྤོས་འགྲོ །

    ན་ཆུང་གཞོན་ནུས་རིག་པའི་གནས་ལ་བརྩོན་འགྲོ །

    ཡོད་ཚད་དུས་རབས་གསར་པར་འབད་པས་ཆས་འགྲོ །


    ལོ་ངོ་བདུན་ཅུར་ཕྱིར་དྲན་ཟབ་མོ་བྱེད་དུས། །

    དཔལ་ཡོན་དར་ཞིང་རིགས་ཁག་མཐུན་སྒྲིལ་ཆེ་བ། །

    དཔལ་འབྱོར་འཕེལ་ཞིང་དུས་བབ་བརྟན་ཞིང་ལྷིང་བས། །

    ང་ཚོས་མེས་རྒྱལ་ཕྱོགས་ལ་བསྟོད་དབྱངས་འབུལ་ལོ། །

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།