[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ཤེས་རབ་ཀྱི་མེ་ལྕེ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   འདྲུ་བཀྲ་ཤིས་རྒྱལ།    |    སྤེལ་དུས།   2019-09-08

    སྣ་བརྒྱའི་རིག་གཞུང་ནོར་མཛོད་ཆུ་ཡི་གཏེར། །

    བློ་གྲོས་ན་ཚོད་སྨིན་ཀྱང་གྲོལ་བར་དཀའ། །

    རྣམ་དཀར་དགེ་བའི་བཤེས་གཉེན་གྲུ་དཔོན་ཆེའི། །

    ལེགས་ཉེས་ཚུལ་བཞིན་འབྱེད་པའི་བསླབ་སྟོན་ལས། །

    བརྩོན་པའི་གྲུ་གཟིངས་རླུང་གི་འགྲོས་སུ་རྒྱུ། །

    མི་ཤེས་རྨོངས་པའི་རྙི་རྒྱར་དུས་འདའ་བ། །

    མི་ཚེ་ཕུགས་ཀྱི་གཞི་མར་བསྙེག་དཀའ་ཡང་། །

    མི་ཡུལ་ཤེས་རབ་དཔལ་གྱིས་མཛེས་བྱེད་པའི། །

    མི་དབང་བྱང་ཆུབ་ཅན་པོ་བཤེས་གཉེན་མཆོག །

    མི་ཆོས་ཚུལ་བཞིན་སྟོན་པའི་སྟོན་པ་ཡིན། །

    འཇིག་རྟེན་མུན་པའི་ཡོལ་བ་མཐར་ནས་བསྐྲད། །

    མི་ཚེ་སློབ་བུའི་ཚོགས་ཀྱི་གྲབས་ལ་ཟད། །

    བརྟན་དུ་ངལ་བས་མནར་ཀྱང་དཔའ་སྟོབས་ཅན། །

    བློ་གྲོས་སྣང་བ་སྩོལ་བའི་དགེ་བའི་བཤེས། །

    བསྐལ་བརྒྱའི་མཐར་ཡང་འགྲོ་བའི་དེད་དཔོན་ཆེ། །

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།