[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • དུས་རབས་གསར་པའི་ན་གཞོན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཆོས་གྲགས།    |    སྤེལ་དུས།   2019-08-20

    ལང་ཚོའི་སྒེག་ཉམས་གསར་དུ་བཞད་པའི་དུས། །

    རིག་པའི་དཔའ་རྩལ་ཡོངས་སུ་རྒྱས་པའི་ཆེད། །

    ཡ་རབས་སྲོལ་བཟང་སྐྱོང་དང་ལྷན་གཅིག་ཏུ། །

    དུས་རབས་གོམ་སྒྲའི་རྗེས་སུ་དེ་བས་འབད། །

    སྣ་མང་རིག་པའི་ཤེས་བྱའི་སྐྱེད་ཚལ་དུ། །

    གསར་གཏོད་རྒྱུན་འཛིན་གཤོག་ཟུང་མ་ཉམས་པའི། །

    མི་འགྱུར་དམ་བཅའ་རྡོ་ལ་རི་མོ་བཞིན། །

    སྣ་མང་ཤེས་བྱའི་བདུད་རྩི་འཐུང་ལ་རེམ། །

    ཚན་རྩལ་བང་ཁ་འགྲན་པའི་དེང་གི་དུས། །

    སྔོན་ཐོན་དར་རྒྱས་གྲལ་ལས་མ་ཕུད་ཕྱིར། །

    དུས་རབས་གསར་པའི་གངས་ལྗོངས་ན་གཞོན་ཚོས། །

    འབད་པ་བརྒྱ་ཡིས་རིག་པའི་གནས་ལ་འབད། །

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།