[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • སོན་རྩ་དང་བྲག་རྡོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-20

    སོན་རྩ་ཞིག་བྲག་རྡོ་གཅིག་གི་འོག་ཏུ་མནན་ནས་བསྡད་ཡོད།

    སོན་རྩས་བྲག་རྡོར། ཁྱེད་ཀྱིས་ཕར་ཤིག་ཙམ་གནང་དང་། ཞེས་བཤད་ཀྱང་དྲེགས་ལྡན་བྲག་རྡོས་དེར་ཁ་ཡ་མ་བྱས།

    སོན་རྩས་སླར་ཡང་བྲག་རྡོར། ཁྱེད་ཀྱིས་ད་དུང་ཕར་ཤིག་ཙམ་མ་བྱས་ན་ངས་ཁྱེད་མགོ་རྟིང་སློག་ངེས་རེད། ཅེས་བཤད་པར་བྲག་རྡོས་ཁྲེལ་དགོད་བྱེད་བཞིན་པར། བྱས་ན་ཁྱེད་ཀྱིས་ང་མགོ་རྟིང་མ་བསློགས་བར་དུ་ངས་སྒུག་གི་ཡིན། ཞེས་ལན་བཏབ།

    བྲག་རྡོས་སོན་རྩ་ཆུང་ཆུང་ལ་མཐོང་ཆུང་བྱས་ཤིང་། བྲག་རྡོས་སོན་རྩ་དེ་ཆུང་ཆུང་ཡིན་ཡང་དར་འཕེལ་གྱི་སྐྱེ་སྟོབས་ཆེན་པོ་ཡོད་པ་དེ་བརྗེད་པ་རེད། སོན་རྩས་ས་གཞི་ཆེན་པོའི་པང་སྟེང་དུ་ས་གཞིའི་ཐོག་གི་བརླན་བཤེར་དང་འཚོ་བཅུད་རྣམས་འཐེན་ནས་རིམ་བཞིན་མཆེ་བ་བཏང་ཞིང་། རིམ་བཞིན་བྲག་རྡོའི་གསེང་ཞིག་གི་ཁྲོད་ནས་ཕྱིར་ཐོན་པ་དང་དྲོ་སྐྱིད་ལྡན་པའི་ཉི་འོད་འོག་སྦོམ་ལ་རིང་བའི་ལྗོན་ཤིང་ཞིག་ཏུ་གྱུར་བ་དང་ལྗོན་ཤིང་དེའི་སྲ་ཞིང་ཤུགས་དང་ལྡན་པའི་རྩ་བས་མཐར་བྲག་རྡོ་ཧྲུག་ཆག་ཏུ་བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།