[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ༄༅། །རྨ་བྱ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-11

    རྨ་བྱ་ནི་མ་གཞི་ནམ་མཁར་འཕུར་ཐུབ་པའི་བྱ་ཞིག་ཡིན། སྔ་དུས་སུ་རི་བོ་མཐོན་པོ་དང་རྒྱ་མཚོའི་སྟེང་གང་ཞིག་ཏུ་ཡིན་རུང་གང་སར་རྨ་བྱས་དལ་པོར་གཤོག་རྩལ་ངོམས་ནས་འཕུར་ལྡིང་བྱེད་པ་དང་། ཚོན་མདངས་རྣམ་པར་བཀྲ་བའི་མཇུག་མ་གཡོ་བཞིན་དགུང་སྔོན་གྱི་དབྱིངས་སུ་འཕུར་ལྡིང་བྱེད་སྐབས་དངོས་འབྲེལ་མཛེས་སྡུག་ལྡན་པའི་མཚམས་སྤྲིན་ལང་ལོང་དུ་གཡོ་བ་ལྟར་མངོན། དེས་ན་མི་རྣམས་ཀྱིས། བུ་མོ་རྨ་བྱ་དེ་འདྲའི་མཛེས་སྡུག་ལྡན་པ་ལ་ཨང་། ཞེས་བསྔགས་བརྗོད་བྱེད་ཀྱི་ཡོད།

    དེར་བརྟེན་རྨ་བྱ་རིམ་བཞིན་སྤོབས་སེམས་སྐྱེས་ནས་རྟག་ཏུ་ས་སྟེང་དུ་བསྡད་དེ་མི་རྣམས་ཀྱི་མདུན་ལ་རང་ཉིད་ཀྱི་མཛེས་སྡུག་ལྡན་པའི་མཇུག་མ་ངོམས་ཀྱི་ཡོད། དེ་ལྟར་བྱས་ནས་དུས་ཡུན་རིང་པོ་སོང་རྗེས་རྨ་བྱའི་གཤོག་སྒྲོ་ཤུགས་མེད་ཉམས་ཞན་དུ་སོང་ནས་སླར་ཡང་མཁའ་དབྱིངས་སུ་རང་དགར་འཕུར་ལྡིང་བྱེད་མི་ཐུབ་པར་གྱུར། དེ་ནས་བཟུང་རྨ་བྱས་ཉིན་ལྟར་རང་ཉིད་ཀྱི་ཧ་ཅང་ལྕི་བའི་མཇུག་མ་དེ་འདྲུད་དེ་ས་སྟེང་དུ་ཕར་ཚུར་བགྲོད་ནས་སྡོད་དགོས་བྱུང་བ་རེད།

    ཧའེ། རྨ་བྱ། རྨ་བྱ། ཧ་ཅང་ལྕི་བའི་མཇུག་མ་དེས་ཁྱོད་མཁའ་ལ་འཕུར་མི་ཐུབ་པ་བཟོ་དགོས་དོན་གང་ཡིན་ནམ། ཁྱོད་ཀྱིས་གཤོག་རྩལ་ངོམས་ཤིང་མཁའ་དབྱིངས་སུ་འཕུར་ལྡིང་བྱེད་ཐུབ་ན་ཡག་པོ་གང་འདྲ་ཞིག་མ་རེད་དམ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།