[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • སྐད་ཅིག་མའི་མི་ཚེ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-21

    ཐོབ་དཀའ་བའི་མི་ལུས་འདི། རིན་ཆེན་གསེར་ལས་དཀོན་ཞེས་མི་རྣམས་ཀྱིས་མི་ལུས་ཀྱི་རིན་ཐང་ལ་གཙིགས་ཆེར་འཛིན་པའི་དཔེ་དོན་སྦྱར་ཏེ་རང་ལུས་རང་གཅེས་བྱེད་རྒྱུའི་སྐོར་ཤོད་ཚུལ་སྣ་ཚོགས་ཡོད། དེ་ལྟར་ལགས་ཀྱང་མི་ལུས་འདི་ཉིད་འཇིག་སླ་བའི་སྣང་ཚུལ་ཡང་མཐའ་ཡས་པ་ཡོད་ལ། དེ་དག་ལས་ཀྱང་སྐད་ཅིག་སྐད་ཅིག་ཙམ་དུ་གློག་འཁྱུག་པ་ལྟར་ཚེ་སྲོག་རླུང་ལ་བསྐུར་བའི་མཐོང་སྣང་ཇི་ལྟ་ཇི་སྙེད་ཡོད་ཅིང་། དེ་རྣམས་ལས་ནམ་མཁའི་གློག་འཁྱུག་སྟེ་ཚེ་སྲོག་ཤོར་བ་ལྟ་བུ་ནི། དེང་གི་འཕྲུལ་ཆས་ཀྱི་ལས་འཛོལ་ལས་ཐོན་པའི་ཚེ་སྲོག་སྐད་ཅིག་མར་འཇིག་པ་དེའོ།

    བརྙན་འཕྲིན་ནང་དང་། ཚགས་པར་ཐོག་འགྲིམ་འགྲུལ་ཆག་སྒོའི་སྐོར་མཐོང་བ་ལས་བཟོ་ལྟ་འགྱུར་བའི་འཇིབ་ཆུང་དང་། ཟ་འཕྲོར་ལུས་པའི་རྔན་པ་སོགས་ཀྱི་ཐོག་ནས་རང་ཅག་གི་ཡིད་ལ་སྐད་ཅིག་ཙམ་གྱི་ནང་ཐམས་ཅད་སྟོང་པར་གྱུར་པ་ནི་ཅི་འདྲའི་འགྱོད་པ་ཆེ་བ་ཞིག་མ་ཡིན་ནམ། འགྲིམ་འགྲུལ་ལས་འཛོལ་གྱིས་སྐད་ཆ་ཚིག་གཅིག་ཙམ་ཤོད་ཁོམ་མ་བྱུང་བར། ཚེ་སྲོག་དེ་ཉིད་མར་མེར་ཕུ་བཏབ་པ་བཞིན་དུ་ནག་ཐུམ་མེར་གྱུར། སྐབས་དེར་རྐྱེན་ལམ་དུ་སོང་བའི་སྐྱེད་མ་ཞིག་ཡིན་གྱུར་ཚེ། ཀྱེ་མ་ཀྱེ་ཧུད། སྐྱེད་མ་དེས་ནམ་ཡང་བློས་མི་ཐོངས་བ་ནི། བཟའ་ཟླ་བུ་ཕྲུག་ལ་བཅངས་པའི་བརྩེ་དུང་ཁོ་ན་ཡིན་ངེས་པས། བསམས་པ་ཙམ་གྱིས་སྣ་ཁུང་ལ་ན་ཟུག་མི་གཏོང་བ་ག་ནས་སྲིད།

    ཁ་ལོ་བ་ཚང་མས་ཁ་ལོ་བའི་རྐུབ་སྟེགས་ཐོག་སྡོད་སྐབས། དེ་མ་ཐག་ཏུ་འགན་སེམས་ཆེན་པོ་ཞིག་ཡིད་ལ་འཆང་རྒྱུའི་རེ་བ་བླ་ལྷག་ཏུ་ཆེ་སྟེ། དེ་ཡང་ཁྱེད་རང་གི་སྣུམ་སྒོ་མནན་ཐེངས་གཅིག་དེ་མི་གཞན་གྱི་མི་ཚེ་གཅིག་གི་སྡུག་བསྔལ་ཡིན་ཡང་མི་སྲིད་དམ།

    གནས་ཚུལ་མང་པོ་ཞིག་དགོངས་དག་ཅེས་སྐད་ཆ་ཚིག་གཉིས་ཀྱིས་ཁ་གསབ་བྱེད་ཐུབ་པ་ཞིག་གཏན་ནས་མིན། ཚེ་སྲོག་གི་རིན་ཐང་གཞལ་དུ་མེད་པས། མི་ཚེ་ཕྱེད་ཀ་འགྱོད་སེམས་ངང་སྐྱེལ་བ་ལས། བདེ་འཇགས་ཨང་དང་པོ་ཡིན་པའི་བསམ་པ་རྒྱུན་འཁྱོངས་བྱས་ན་ཅིས་མི་དགའ། གནས་ཚུལ་དེ་ལྟའི་འོག་ཁྱེད་རང་གི་ཚེ་སྲོག་ཁྱེད་རང་གིས་གདམ་ག་བྱས་མི་ཆོག་གམ། གལ་ཏེ་མི་གཞན་གྱི་བདེ་སྐྱིད་ལྡན་པའི་མི་ཚེ་དེར་ཁྱེད་ཀྱིས་ཁ་གཡེང་མིག་གཡེང་བྱེད་ཀྱིན་དུ། རྫོགས་ཤད་ཅིག་བརྒྱབ་ཕྱིར། ཁྱོད་ཀྱིས་འགྱོད་གདུང་དྲག་པོས་མནར་ཞིང་དཔྲལ་པ་མ་རྡོལ་བར་དུ་ས་ལ་ཕྱག་འཚལ་ཡང་ཚང་མ་བཟློག་ཐབས་དབེན་ནོ།

    རང་བྱུང་ཆག་སྒོ་བཟློག་ཐབས་མེད་ཀྱང་མིས་བཟོས་ཆག་སྒོར་བཟློག་ཐབས་ཡོད། སྐད་ཅིག་མར་ཚེ་སྲོག་རླུང་ལ་བསྐུར་བའི་སྣང་ཚུལ་མང་པོ་ཞིག་རླངས་འཁོར་བཀོལ་སྤྱོད་མི་ལེགས་པ་ལས་བྱུང་བས། འཕྲུལ་འཁོར་གཏོང་མཁན་ཡོད་དོ་ཅོག་གིས་མི་གཞན་གྱི་མི་ཚེ་དེ་ཉིད། སྐད་ཅིག་མའི་མི་ཚེར་མི་འགྱུར་བ་བྱེད་དགོས་སོ། 《འཇིག་རྟེན་ལུགས་ཀྱི་བསྟན་བཅོས》ལས་དྲངས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།