[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • སྨ་རའི་གསེབ་ཀྱི་འབྲས་རྡོག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-21

    གནའ་སྔ་མོ་རྫོང་ཞིག་གི་རྫོང་དཔོན་བརྗེ་བའི་དུས། རྫོང་དཔོན་རྙིང་པས་གསར་པར་རྫོང་གི་དོན་དག་ཆེ་ཆུང་ཚང་མ་རྩིས་སྤྲོད་བྱས་རྗེས། ལས་བྱ་ཚང་མ་འཛོམས་པའི་ཐོག་གསོལ་སྟོན་རྒྱས་པོ་ཞིག་བཤམས།

    གསོལ་སྟོན་ཉིན་དང་པོའི་དགུང་ཟས་ལ་ཤ་འབྲས་བཏང་། ཤ་འབྲས་ཟ་སྐབས་རྫོང་དཔོན་རྙིང་པའི་སྨ་རའི་གསེབ་ཏུ་སྒ་སེས་འཚོས་པའི་འབྲས་རྡོག་སེར་པོ་གཅིག་འགོས་ཡོད་པ་དེ་ཁོའི་གཟིམ་དཔོན་གྱིས་མཐོང་མ་ཐག་གཞན་གྱིས་ཁྲེལ་དགོད་བྱས་ཡོང་སྙམ་སྟེ། བརྡ་གཏོང་རྩིས་བྱས་མོད། འོན་ཀྱང་ཐད་ཀར་བརྡ་བཏང་ན་རྫོང་དཔོན་ངོ་ཚ་པོ་ཡོང་སྙམ་སྟེ། གབ་ཚིག་གི་ཐོག་ནས་རྫོང་དཔོན་ལ་ཕྱོགས་ནས་འདི་ལྟར་བརྗོད། འཁྲི་ཤིང་ནགས་ཀྱི་གསེབ་ཏུ། གསེར་གྱི་བྱིའུ་ཆུང་བབས་འདུག་ཅེས་ཐེངས་འགའ་བརྗོད། རྫོང་དཔོན་རྙིང་པ་དེའང་ཅུང་སྤྱང་པོ་ཡོད་པས། གཟིམ་དཔོན་གྱི་སྐད་ཆའི་གོ་དོན་རྟོགས་ཏེ། དེའི་ལན་དུའང་གབ་ཚིག་གི་ཐོག་ནས་འདི་སྐད་བརྗོད། ནགས་གསེབ་གསེར་གྱི་བྱིའུ་ཆུང་། འདི་འདྲ་བྱས་ནས་དཀྲོག་དགོས་ཞེས་སྨ་ར་བྱིལ་ཙམ་བྱས་ནས་འབྲས་རྡོག་དེ་མེད་པར་བཟོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།