[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ང་དང་གྲོགས་ཀྱི་མཛའ་བརྩེ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ལོང་ལྐུགས་གཟའ་སྨྱོན།    |    སྤེལ་དུས།   2019-07-14

    སྐལ་བ་བཟང་བའི་ནམ་དུས་ཤིག་ལ། །

    སློབ་འབྲིང་དགའ་མའི་ཡོངས་འདུའི་ཚལ་ནས། །

    ང་དང་གྲོགས་ཀྱི་མཛའ་བརྩེའི་མེ་ཏོག །

    རིག་གཞུང་རྒྱ་མཚོའི་ངོགས་སུ་བཞད་སོང་། །


    མ་འོངས་ཕུགས་འདུན་མངོན་འགྱུར་སླད་དུ། །

    ཇ་ཡུན་ལ་སོགས་ཁོམ་པ་ཡོད་ཚད། །

    བཅུ་ཕྲག་རིག་པའི་ཕ་མཐའ་ཡངས་མོར། །

    མཉམ་དུ་འབད་འབུངས་ཡར་བརྩོན་བྱས་ཡོད། །


    བྱམས་ལྡན་ཕ་མའི་དྲིན་ལན་བསམ་བཞིན། །

    དལ་འབྱོར་མི་ལུས་དོན་ལྡན་བསམ་བཞིན། །

    གཟུར་གནས་མཁས་པའི་གཞུང་ལུགས་དག་ལ། །

    མཉམ་དུ་ཡིན་མིན་དཔྱད་བརྗོད་བྱས་ཡོད། །


    ཨ་མཚར་རྩེད་མོའི་ལབ་བརྡོལ་ནང་ནས། །

    སྐྱིད་མ་སྡུག་གི་དགའ་སྐྱོ་གླེང་སྟེ། །

    འདས་སོང་ལོ་ཟླའི་གཏམ་རྒྱུད་སྣ་ཚོགས། །

    མཉམ་དུ་ཡི་གེའི་ལམ་དུ་ཕབ་ཡོད། །


    ལྷད་མེད་སེམས་ཀྱི་འདུ་བྱེད་བཏབ་པའི། །

    འགྱུར་མེད་ཡིད་ཀྱི་འཁྲི་ཤིང་ཁྱེད་ལ། །

    ཟོལ་མེད་སྙིང་གི་དམ་བཅའ་བརྟན་པོས། །

    ཕྱི་ཐག་རིང་བའི་དམ་བཅའ་བཞག་ཡོད། །

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།