[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • སློབ་ཁྲིད་ཀྱི་རང་མཚང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   རྒྱང་ཚུལ་ཁྲིམས།    |    སྤེལ་དུས།   2019-07-07

    2017241486170521425_60_b.jpg

    ཁ་མཚར་ཀུ་རེ་མེད་པའི་སློབ་ཁྲིད་ནི། །

    རོ་བཅུད་མེད་པའི་ཟས་ལ་རོལ་བ་འདྲ། །

    ཟས་ལ་ཡི་ག་མེད་པ་ཞེ་མེར་མེར། །

    སྒྱུ་རྩལ་ཉམས་འགྱུར་དཀོན་པའི་སློབ་ཁྲིད་ནི། །

    ཚ་གདུག་ཆེ་བའི་དབྱར་གཞུང་ཉིན་མོ་འདྲ། །

    རིག་པར་གྲུང་ཤ་མེད་པས་གཉིད་དིབ་དིབ། །

    བསམ་བློ་བརྗེ་རེས་མེད་པའི་སློབ་ཁྲིད་ནི། །

    གསང་བ་ལྐོག་གྱུར་རྒྱལ་རབས་ཀློག་པ་འདྲ། །

    སེམས་ལ་དོགས་པའི་འདྲི་རྟགས་འབེལ་ཤིག་ཤིག །

    འཇིགས་སྐུལ་བཙན་ཤེད་གང་བའི་སློབ་ཁྲིད་ནི། །

    ཉེས་ཅན་བཙོན་པ་སྡུད་པའི་བཙོན་ཁང་འདྲ། །

    སེམས་ལ་རང་དབང་མེད་པས་སྐྲག་ལྷང་ལྷང་། །

    ཤེས་བྱ་རྒྱ་སྐྱེད་མེད་པའི་སློབ་ཁྲིད་ནི། །

    ཁྲོན་པར་གནས་པའི་སྦལ་པ་རྐང་ཆག་འདྲ། །

    ལྟ་རྒྱ་ཐོས་རྒྱ་མེད་པས་མུན་འཐོམ་འཐོམ། །

    དཀའ་ཡོལ་སླ་འཆད་ཁོ་ནའི་སློབ་ཁྲིད་ནི། །

    སོ་མེད་རྒན་མོས་ཟས་ལ་རོལ་བ་འདྲ། །

    མཁྲེགས་པོའི་ཟས་དང་ཕྲད་དུས་ངོ་གཉེར་གཉེར། །

    ཁམས་དང་མོས་པར་མ་བསྟུན་སློབ་ཁྲིད་ནི། །

    བོང་བུའི་རྣ་བར་གསེར་རྡོག་བླུགས་པ་འདྲ། །

    ཆོས་ཉིད་རིན་ཐང་མ་རྟོགས་སྟོང་སང་སང་། །

    གཙོ་ཕལ་གོ་རིམ་མེད་པའི་སློབ་ཁྲིད་ནི། །

    ཡུ་བ་མེད་པའི་རལ་གྲི་སོ་གཉིས་འདྲ། །

    གང་ནས་འཆང་བཟུང་མི་ཤེས་ངུ་ཤིག་ཤིག

    ཚིག་འཁྲི་སྐམ་པོས་གང་བའི་སློབ་ཁྲིད་ནི། །

    ཨ་མཆོད་རྒན་པོས་རིམ་གྲོའི་ཆོས་ཀློག་འདྲ། །

    ནང་དོན་སྙིང་པོ་མ་རྟོགས་སྐྱོ་ལྷང་ལྷང་། །

    རང་མཚང་གླེང་བའི་ལབ་བཤད་གང་དྲན་མ། །

    མགོ་རྔ་མེད་པའི་སྨྱོན་པའི་ལབ་བརྡོལ་འདྲ། །

    ཀུན་ཀྱང་འཚིག་པ་མ་ཟ་ཀུ་རེར་སོམས། །

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།