[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • བདེན་རྫུན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བུ་ཆུང་།    |    སྤེལ་དུས།   2019-06-11

    ནང་སྙིང་ཕྱི་རུ་འཕྱུངས་པའི་ཉམ་ཆུང་ཞི་མི་དང་། །

    ཚུལ་འཆོས་སྟག་ལྤགས་བཀླུབས་པའི་ཡིད་འོང་བོང་བུ་གཉིས། །

    དུས་ཀྱི་རི་བོས་བཅད་པའི་ལམ་འཕྲང་སོ་སོ་ན། །

    སྡུག་བསྔལ་ལྕག་གི་ན་ཟུག་མྱོང་སྟངས་ཅི་ལ་མཚུངས། །

    མཐོན་མཐིང་མཁའ་ལ་རྒྱུ་སྐར་རྩེན་པའི་མཛེས་པ་དང་། །

    མག་མོག་མཚན་དགུང་གློག་བཞུ་བཀྲ་བའི་བཀོད་པ་གཉིས། །

    བར་སྣང་ཁམས་ཀྱིས་ཆོད་པའི་གནམ་ས་སོ་སོ་ན། །

    སྒེག་ཆོས་ཉམས་འགྱུར་ངོམ་པའི་རིན་ཐང་ག་ལ་འདྲ། །

    བདེན་པའི་ས་བོན་ངལ་བས་བཏབ་པའི་འབྲས་བུ་དང་། །

    རྫུན་མའི་ས་བོན་རྐྱེན་གྱིས་བཤོས་པའི་མཐའ་འབྲས་གཉིས། །

    ལས་འབྲས་ཉ་གས་འཇལ་བའི་མི་ཚེའི་བཞུད་ལམ་ན། །

    བདེ་སྡུག་ལྕི་ཡང་གསལ་བའི་ངེས་དོན་རི་མོ་མང་། །

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།