[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • མཚར་གཏམ་ཐོས་པ་འཛུམ་ཤོར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-11

    ལུས་རྩལ་སློབ་ཚན་སྐབས། རྒན་ལགས་ཀྱིས་སློབ་ཕྲུག་ཚོར་སྦལ་མཆོང་མཆོངས་ནས་ལུས་རྩལ་ཐང་ལ་སྐོར་བ་གཅིག་རྒྱག་དགོས། དེ་སྔོན་ལུས་ལ་རྨས་སྐྱོན་ཕོག་མྱོང་བའི་སློབ་ཕྲུག་མ་གཏོགས་ཚང་མས་རྒྱག་དགོས་ཞེས་བརྗོད་པས། སློབ་ཕྲུག་ཀ་པས་ལག་པ་བརྐྱངས་ཏེ“ངའི་རྐང་པ་ཆག་མྱོང”ཞེས་བརྗོད། སློབ་ཕྲུག་ཁ་པས་ལག་པ་བརྐྱངས་ཏེ“ངའི་ལག་པ་ཆག་མྱོང”ཞེས་བརྗོད། སློབ་ཕྲུག་ག་པས་ཀྱང་ལག་པ་བརྐྱངས་ཏེ། ཁ་མི་གྲག་པར་ཅུང་ཟད་བསྡད་རྗེས། རྒན་ལགས“ངའི་ལྟེ་ཐག་ཆད་མྱོང”ཞེས་བརྗོད།

    རྫོང་གི་འཕྲོད་བསྟེན་ལྟ་སྐོར་ལ་བསུ་བ་ཞུ་ཆེད། ཤང་ག་གེ་མོས་གློ་བུར་དུ་འཕྲོད་བསྟེན་དྲིལ་བསྒྲགས་སྒྲོམ་སྟེགས་ཤིག་བཟོས་པ་རེད། དྲིལ་བསྒྲགས་སྒྲོམ་སྟེགས་བཟོས་ཚར་རྗེས་གཞུང་ལས་ཁང་གི་ཀྲུའུ་རེན་གྱིས་ཤང་ཀྲང་གཟིགས་ཞིབ་གནང་བར་སྐད་བཏང་། ཤང་ཀྲང་གིས་ཚར་གཅིག་བལྟས་རྗེས་འགོ་བརྗོད་ཀྱི་ཚིག་གཅིག་ལ་བསྒྱུར་བ་བཏང་བས། དེ་མུར་ཀྲུའུ་རེན་གྱིས་ཡག་པོ་བཅོས་ཚུལ་གྱི་རྣམ་འགྱུར་གང་དྲག་བསྟན་པ་དང་སྦྲགས“ཤང་ཀྲང་གིས་བཅོས་པའི་ཚིག་གཅིག་དེ་དངོས་གནས་སྨྱུག་རྩེ་ལྷ་ཡིས་བསྒྱུར་བ་རང་རེད”ཅེས་བརྗོད།

    ད་བྱེད་དུས། ཤང་ཀྲང་གིས་འགོ་བརྗོད་ཀྱི་འདོན་ཐེངས་དང་པོ་ཞེས་པའི་དང་པོ་དེ་བཅུ་པར་བཅོས་པ་རེད།

    སྒྲོལ་མས་རང་གི་གྲོགས་མོར“མདང་དགོང་ང་ལ་ངོ་མཚར་ཤིན་ཏུ་ཆེ་བའི་མིང་བྱང་ཞིག་རག་བྱུང་། ང་ཡིད་མ་ཆེས་ཀ་མེད་བྱུང”ཞེས་བརྗོད་བཞིན་དུ་མིང་བྱང་དེ་གྲོགས་མོར་བསྟན། གྲོགས་མོས་མིང་བྱང་དུ་བྲིས་པའི“ཆེད་ལས་སྒོ་ལྕགས་ཕྱེ་མཁན”ཞེས་པའི་ཡི་གེ་མཐོང་མ་ཐག་ཡ་མཚན་སྐྱེས་ནས་གྲོགས་མོར་ཁ་གཏད་དེ“འདིར་ངོ་མཚར་རྒྱུ་ག་རེ་འདུག་གམ། སྤྱིར་བཏང་གི་བརྡ་ཆ་ཆུང་ཆུང་ཞིག་མ་རེད་དམ”ཞེས་བརྗོད། སྒྲོལ་མས་དབུགས་རིང་ཞིག་བཏང་སྟེ“མདང་དགོང་ངས་ནང་གི་སྒོ་ཕྱེ་ནས་གློག་སྤོར་སྐབས། མིང་བྱང་དེ་ང་ཚོའི་ནང་གི་སྒོའི་ནང་ངོས་ཀྱི་བསད་སྤར་གྱི་སྲུབས་ཀར་གཟེར་འདུག”ཅེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།