[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ༄༅། །སྟོན་གྱི་རི་མོ།།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   སྨྱུག་སོན་ནོར་སངས།    |    སྤེལ་དུས།   2018-12-02

    སྟོན་གྱི་རི་མོ་ལུས་ལ་བྲིས་པས། །

    གཡར་བའི་ལུས་པོ་ཉམས་ཀྱིས་ཕྱུག་སོང་། །

    སྟོན་གྱི་རི་མོ་ངག་ལ་བྲིས་པས།

    གླུ་ཆུང་ཕྲ་མོའི་གདངས་དབྱངས་སྙན་སོང་། །

    སྟོན་གྱི་རི་མོ་ཡིད་ལ་བྲིས་པས། །

    སེམས་པའི་དཀྱིལ་འཁོར་འོད་ཀྱིས་གང་སོང་། །

    སྟོན་གྱི་རི་མོ་མིག་ལ་བྲིས་པས། །

    ལོ་འབྲས་བཟང་པོའི་མཚར་ཉམས་མཐོང་བྱུང་། །

    སྟོན་གྱི་རི་མོ་རྣ་བར་བྲིས་པས། །

    བཙས་གླུ་སྙན་པོའི་སྒྲ་ལ་ཞེན་བྱུང་། །

    སྟོན་གྱི་རི་མོ་སྣ་ལ་བྲིས་པས།

    ལོ་ཏོག་བསུང་ཞིམ་སྣ་ལ་འཐུལ་བྱུང་། །

    སྟོན་གྱི་རི་མོ་ལྕེ་རྩེར་བྲིས་པས། །

    རོ་བཅུད་ཕུན་ཚོགས་ལྕེ་ལ་དབང་སོང་། །

    སྟོན་གྱི་རི་མོ་ངོ་ལ་བྲིས་པས། །

    འཛུམ་ཆུང་ཕྲ་མོའི་ཞལ་མདངས་མཛེས་སོང་། །

    སྟོན་གྱི་རི་མོ་སྟོན་ལ་བྲིས་པས། །

    དཀའ་སྤྱད་འབྲས་བུའི་མྱོང་བ་སྐྱེས་སོང་། །

    སྟོན་གྱི་རི་མོ་སྟོན་ལ་བྲིས་པས། །

    རྒྱུ་དང་འབྲས་བུའི་རྣམ་གཞག་རྟོགས་བྱུང་། །

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།