[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ༄༅། །མི་ཚེ་དང་མཚན་མོ།།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ གངས་སྨྱོན་ཚུལ་ཁྲིམས།    |    སྤེལ་དུས།   2018-12-02

    མི་ཚེ་གོམ་པས་འཇལ་ཅིང་།

    ལོ་ཟླ་གཉེར་རིམ་གྱིས་བསུ་དུས།

    ནམ་མཁའ་འདི་སྔར་བཞིན་ཡངས་ནའང་།

    བློ་ཁ་འདི་ཁབ་མིག་ལྟར་དོག

    ཐ་སྐད་སྐམ་པོ་ཞིག་ལ་འཁྱུད་པའི་རྣམ་ཤེས།

    མཚན་མོ་འདིའི་གབ་བྱ་ཡིན་ཆོག

    འབར་གྱིན་པའི་མེ་ལྕེ།

    སྐབས་སྐབས་སུ་མེ་སྟག་མཆེད་ཅིང་།

    མཚམས་མཚམས་སུ་དུ་བ་དང་མཉམ་དུ་འཆི་འགྲོ།

    དར་ལྕེ་བཞིན་ཟད་ཀྱིན་པའི་མི་ཚེ།

    ཆུ་མོ་འཁྱགས་ལ་འགྱུར་ཚུལ་དང་འདྲ་བྱུང་།

    དོ་ནུབ།

    མུན་ནག་འདིའི་ཕྱི་ནང་ཡོད་ཚད་གསང་བ་རེད་འདུག

    མི་ཚེ་འདིའི་སྐྱིད་སྡུག་ཡོད་ཚད་ལྷ་སྒྲུང་རེད་འདུག

    མིག་ཟུང་འདི་ཆེར་གདངས་དུས།

    གང་ཡང་རིག་བྱུང་ལ་ཅི་ཡང་མཐོང་མ་བྱུང་།

    རྣ་བ་འདི་ནན་པོར་ཉན་དུས།

    ཡོད་ཚད་འཛིན་བྱུང་ལ་གང་ཡང་ཐོས་མ་བྱུང་།

    ཤ་ཁྲག་གི་ལུས་ཕུང་རུལ་ཡང་།

    དཔེ་ཆ་དེ་དག་འཇོག་རོགས།

    མི་ཚེ་དང་མཚན་མོ།

    འཐུས་མང་བའི་རྫོགས་ཤད་ཅིག

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།