[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • སྤྲིན་བཟང་དཀར་པོའི་འོག་ན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཟླ་བ་ཚེ་རིང་།    |    སྤེལ་དུས།   2018-02-04

    སྤྲིན་བཟང་དཀར་པོའི་འོག་ན། །

    གངས་རི་ཤེལ་གྱི་མཆོད་རྟེན། །

    ཤང་ཤང་གངས་ཆུ་དྭངས་མས། །

    སྐོམ་པའི་གདུང་བ་སེལ་བྱུང་། །


    སྤྲིན་བཟང་དཀར་པོའི་འོག་གི། 

    མཛེས་པའི་སྤང་ལྗོངས་སྟེང་དུ། །

    སྣ་མང་མེ་ཏོག་བཞད་ལ། །

    ཕྱུགས་རིགས་ཤ་ཤེད་རྒྱས་པ། །


    སྤྲིན་བཟང་དཀར་པོའི་འོག་ན། །

    རྩི་ཤིང་གཡུ་ལོ་རྒྱས་ལ། །

    ཡངས་པའི་ས་གཞི་གཤིན་པོར། །

    སྙེ་མའི་མགོ་ལྕོག་ལྡེམ་ལྡེམ། །


    སྤྲིན་བཟང་དཀར་པོའི་འོག་ན། །

    རྒན་རྒོན་སྐུ་ཚེ་རིང་ཞིང་། །

    ན་གཞོན་ལང་ཚོ་རྒྱས་པ། །

    བྱིས་པ་བློ་རིག་བཀྲ་བ། །


    སྤྲིན་བཟང་དཀར་པོའི་འོག་ན། །

    འགྲིམ་འགྲུལ་འཕེལ་རྒྱས་མྱུར་བ། །

    རི་གྲོང་མཛེས་སྡུག་ལྡན་ལ། །

    ཁང་བཟང་སྟར་དུ་འགྲིག་པ། །


    སྤྲིན་བཟང་དཀར་པོའི་འོག་ན། །

    སློབ་གསོའི་སྲིད་ཇུས་བཟང་བ། །

    སློབ་ཕྲུག་བུང་བའི་ཚོགས་ཀྱིས། །

    ཤེས་རིག་ཉིང་བཅུད་ལེན་པ། །


    སྤྲིན་བཟང་དཀར་པོའི་འོག་ན། །

    ཐོན་སྐྱེད་འཕེལ་རྒྱས་མགྱོགས་ལ། །

    དེང་རབས་ཁྲོམ་ར་ཁག་ཏུ། །

    ཚོང་གཉེར་རྣམ་པ་ལེགས་པ། །


    སྤྲིན་བཟང་དཀར་པོའི་འོག་ན། །

    སྲིད་འབྱོར་རིག་གསུམ་དར་བ། །

    སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་། །

    དམངས་རྣམས་བདེ་ལ་འཁོད་པ། །

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།