[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • གླུ་སྙན་མོ་མི་ལེན་སྙན་མོ་ལེན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཁྲ་དོད།    |    སྤེལ་དུས།   2018-01-07

    གླུ་སྙན་མོ་མི་ལེན་སྙན་མོ་ལེན། །

    གླུ་སྙན་མོ་གངས་རིའི་རྩེ་ནས་ལེན། །

    རི་མཐོན་པོ་ཁ་བས་ཀླུབ་ཙ་ན། །

    ཡུལ་ཀླུང་ཐང་ཆར་ཆུ་རྒྱས་པའི་རྟགས། །

    གླུ་སྙན་མོ་མི་ལེན་སྙན་མོ་ལེན། །

    གླུ་སྙན་མོ་བྲག་དཀར་རྩེ་ནས་ལེན། །

    རྒོད་ཐང་དཀར་གཤོག་ཟུང་འཐབ་པའི་ཚེ། །

    དགུང་ཨ་སྔོན་ནམ་འཕངས་གཅོད་པའི་རྟཌ། །

    གླུ་སྙན་མོ་མི་ལེན་སྙན་མོ་ལེན། །

    གླུ་སྙན་མོ་སྤང་གཤོང་འདི་ནས་ལེན། །

    སྤང་སྔོ་མདངས་རྒྱས་པའི་དུས་འདི་ན། །

    ནོར་འབྲི་གཡག་ཤ་ཤེད་རྒྱས་པའི་རྟགས། །

    གླུ་སྙན་མོ་མི་ལེན་སྙན་མོ་ལེན། །

    གླུ་སྙན་མོ་ནེའུ་གསིང་ཁྲོད་ནས་ལེན། །

    བྱ་ཁུ་བྱུག་མགྲིན་རྔ་རྡུང་ཙ་ན། །

    དཔྱིད་དཔལ་ཡོན་རབ་ཏུ་རྒྱས་པའི་རྟགས། །

    གླུ་སྙན་མོ་མི་ལེན་སྙན་མོ་ལེན། །

    གླུ་སྙན་མོ་ཞིང་ཁའི་དབུས་ནས་ལེན། །

    གྲ་སྙེ་མའི་རྦ་རླབས་འཕྱུར་ཙ་ན། །

    ངེད་བང་མཛོད་འབྲུ་ཡིས་གང་བའི་རྟགས། །

    གླུ་སྙན་མོ་མི་ལེན་སྙན་མོ་ལེན། །

    གླུ་སྙན་མོ་ཆུ་མོའི་གཞུང་ནས་ལེན། །

    ཆུ་དར་ཁ་འབྱེད་པའི་ནམ་དུས་སུ། །

    ཉ་སེར་མིག་རྐྱལ་རྩལ་རྒྱས་པའི་རྟགས། །

    གླུ་སྙན་མོ་མི་ལེན་སྙན་མོ་ལེན། །

    གླུ་སྙན་མོ་གངས་ལྗོངས་ཡུལ་ནས་ལེན། །

    སྲིད་དཔལ་འབྱོར་རིག་གནས་དར་བའི་དུས། །

    བོད་མི་དམངས་བདེ་སྐྱིད་རོལ་བའི་རྟགས། །


    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།