[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  •   ང་ནི་ལོ་རབས་བརྒྱད་ཅུ་པའི་ནང་སྐྱེས་པའི་ཕྲུ་གུ་ཞིག་ཡིན། ཨ་ཅང་ཅང་། ད་ལྟ་ཕྲུ་གུ་ཞིག་ལབ་ན་ག་ལ་འགྲིག ཕོ་ལོ་སུམ་ཅུའི་ཐེམ་སྐས་འགྲིམ་པའི་མི་རྒན་ཞིག་སྟེ་ཕྲུ་གུ་གཉིས་ཀྱི་ཨ་ཕར་གྱུར་ཟིན། ང་རང་ཆུང་དུས་ཕ་ཡུལ་གྲོང་གསེབ་ཀྱི་ས་རྡོའི་པང་དུ་ཐལ་རྩེད་ལ་རོལ་སྐབས། ཨ་མས་སྐྲ་ལོ་ཡང་ཡང་བཞར་མྱོང་། དེ་དུས་ད་ལྟའི་ལོ་རབས་ཀྱི་དར་ས...
  •   ཐོབ་དཀའ་བའི་མི་ལུས་འདི། རིན་ཆེན་གསེར་ལས་དཀོན་ཞེས་མི་རྣམས་ཀྱིས་མི་ལུས་ཀྱི་རིན་ཐང་ལ་གཙིགས་ཆེར་འཛིན་པའི་དཔེ་དོན་སྦྱར་ཏེ་རང་ལུས་རང་གཅེས་བྱེད་རྒྱུའི་སྐོར་ཤོད་ཚུལ་སྣ་ཚོགས་ཡོད། དེ་ལྟར་ལགས་ཀྱང་མི་ལུས་འདི་ཉིད་འཇིག་སླ་བའི་སྣང་ཚུལ་ཡང་མཐའ་ཡས་པ་ཡོད་ལ། དེ་དག་ལས་ཀྱང་སྐད་ཅིག་སྐད་ཅིག་ཙམ་དུ་གློག་འཁྱུག་པ་ལྟར་ཚེ་སྲོ...
  •   གནའ་སྔ་མོ་རྫོང་ཞིག་གི་རྫོང་དཔོན་བརྗེ་བའི་དུས། རྫོང་དཔོན་རྙིང་པས་གསར་པར་རྫོང་གི་དོན་དག་ཆེ་ཆུང་ཚང་མ་རྩིས་སྤྲོད་བྱས་རྗེས། ལས་བྱ་ཚང་མ་འཛོམས་པའི་ཐོག་གསོལ་སྟོན་རྒྱས་པོ་ཞིག་བཤམས།   གསོལ་སྟོན་ཉིན་དང་པོའི་དགུང་ཟས་ལ་ཤ་འབྲས་བཏང་། ཤ་འབྲས་ཟ་སྐབས་རྫོང་དཔོན་རྙིང་པའི་སྨ་རའི་གསེབ་ཏུ་སྒ་སེས་འཚོས་པའི་འབྲས་རྡོག་སེར་པ...
  •   རིགས་བཟང་ཧི་མ་ལ་ཡི་རྒྱུད་ལས་འཁྲུངས། །   དྭངས་གཙང་ལྷ་ཡི་གོས་ཀྱིས་མཛེས་པར་བཀླུབས། །   རིན་ཆེན་གཉིས་པའི་མདངས་འཛིན་ཐོར་ཅོག་ཅན། །   སྒེག་ལྡན་ཇོ་མོ་གླང་མ་སྲིད་ན་རྒྱལ། །   སྲིད་འདིའི་བགྲང་ཡས་ས་འཛིན་དཀར་པོའི་དབུས། །   ཀུན་ལས་རྣམ་པར་རྒྱལ་བས་ཕ་རོལ་གནོན། །   བརྗིད་ཆགས་ངོ་མཚར་ཇོ་མོ་གླང་མ་འདི། །   ནོར་འཛིན་གོ་ལའི་ད...
  •   རླུང་ཙེའི་ནང་གི་ནེ་ཙོ་ནི་རྟག་ཏུ་དལ་དལ་ལྷོད་ལྷོད་ཡིན་པ་དང་། མཁའ་དབྱིངས་སུ་འཕུར་བའི་ཕོ་རོག་ནི་ཉིན་ལྟར་ཅི་དགར་རོལ་བཞིན་ཡོད།   ནེ་ཙོས་ཕོ་རོག་གི་གང་འགྲོ་གང་སྡོད་ཀྱི་རང་དབང་ལ་ཡིད་སྨོན་ལྷག་པར་བྱེད་པ་དང་། དེ་བཞིན་དུ་ཕོ་རོག་གིས་ནེ་ཙོའི་སོས་དལ་བག་ཕེབས་ཀྱི་སྣང་བར་ཡིད་སྨོན་ཆེས་ཆེར་བྱེད་བཞིན་ཡོད།   དེས་ན། ཉིན་...
  •   ཞི་མི་དང་ཕག་པ་གཉིས་ནི་གྲོགས་པོ་ཡག་པོ་ཞིག་རེད། ཉིན་ཞིག་ཞི་མི་འོབས་དོང་ཆེན་པོ་ཞིག་ཏུ་ལྷུངས་པས། ཕག་པས་ལམ་སེང་ཐག་པ་འཁྱེར་ཡོང་། ཞི་མིས་ཕག་པར་ཐག་པ་དབྱུགས་ཤོག་ཅེས་བཤད་མ་ཐག་ཕག་པས་ཐག་སྒོར་གཅིག་ཚང་མ་དབྱུཌ་ཡོང་།   ཁྱེད་རང་གིས་འདི་ལྟར་དབྱུགས་ནས་ང་གང་འདྲ་བྱས་ཏེ་འཐེན་རྩིས་ཡོད་ཅེས་ཞི་མིས་ཅུང་མི་དགའ་བའི་ཚུལ་གྱིས་...
  •   ཕ་ཡུལ་ལ་འཁྲེང་བའི་ཞེན་ཆགས་དེ་ཟབ་ཀྱང་།   ཁྱིམ་མི་ལ་འཁོར་བའི་དྲན་སེམས་དེ་ལྗིད་ཀྱང་།   དགའ་ཉེ་ལ་ཕྱོགས་པའི་བརྩེ་བ་དེ་ཆེ་ཡང་།   ལས་གནས་དེས་རྐྱེན་པས།   ཡོད་ཚད་མི་མངོན་པའི་ཚུལ་དུ།   སྙིང་ཆུང་གི་ཁོག་ཏུ་སྦས་བཞིན་ཡོད།   དེས་ན།   ལོ་གསར་ཚེས་པ་གཅིག་གི་ཉིན་མོར།   ཆུ་ཕུད་ཀྱི་བྱིན་རླབས་ཆུ་ཁར་ལུས་སོང་།   ཕྱེ་མར་གྱི...
  •   སྔོན་སྲིད་པ་འཇིག་རྟེན་གྱི་ཐོག་ན་བློ་རིག་སེམས་ཅན་གཞན་ལས་རྒོད་པའི་འགྲོ་བ་མི་བྱ་བ་གཅིག་ཀྱང་མེད་ཅིང་། སེམས་ཅན་ཐམས་ཅད་གདོད་མའི་ནགས་ཚལ་སྟུག་པོའི་ཁྲོད་དུ་རི་དྭགས་ཇི་བཞིན་འདྲ་འདྲ་མཉམ་མཉམ་གྱིས་འཚོ་སྡོད་བྱེད་པ་དང་། ཉིན་ལྟར་ནགས་ཀླུང་གི་དཀྱིལ་ནས་ཟས་འཚོལ་བཞིན་སྡོད་ཀྱི་ཡོད།   ཉིན་ཞིག་སྟག་སེང་དོམ་དྲེད་སོགས་སེམས...
  •   སྐལ་བ་བཟང་བའི་ནམ་དུས་ཤིག་ལ། །   སློབ་འབྲིང་དགའ་མའི་ཡོངས་འདུའི་ཚལ་ནས། །   ང་དང་གྲོགས་ཀྱི་མཛའ་བརྩེའི་མེ་ཏོག །   རིག་གཞུང་རྒྱ་མཚོའི་ངོགས་སུ་བཞད་སོང་། །   མ་འོངས་ཕུགས་འདུན་མངོན་འགྱུར་སླད་དུ། །   ཇ་ཡུན་ལ་སོགས་ཁོམ་པ་ཡོད་ཚད། །   བཅུ་ཕྲག་རིག་པའི་ཕ་མཐའ་ཡངས་མོར། །   མཉམ་དུ་འབད་འབུངས་ཡར་བརྩོན་བྱས་ཡོད། །   བྱམས་ལྡན...
  •   ལུམྦི་ནཱི་འཛམ་གླིང་རིག་གནས་ཤུལ་བཞག་གི་ཟུར་ཞིག   ལྷ་ས་ནས་ཐོན་ཁའི་ཆར་སིམ།   བོད་ཟླ་བཞི་པར་སྤྱིར་ན་བོད་དུ་ཆར་ཆུ་དཀོན་ཙམ་བྱུང་ཡང་ཁོ་བོ་ཐོན་པའི་ཞོགས་པར་གནའ་གྲོང་ལྷ་སའི་མཁའ་དབྱིངས་ཆུ་འཛིན་སྟུག་པོས་ཁེབས། སྦྲང་ཆར་ཟིལ་མས་རི་ཀླུང་ཀུན་སྣུམ་པོར་བྱས་པས། ཞོགས་པའི་ཆར་སིམ་དེ་ནི་ཁོ་བོར་སྐྱེལ་མ་བྱེད་པའི་བདུད་རྩི་ཕ...