[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བརྩམས་ཆོས་ལྟ་ཀློག
  • [སྒྱུར་རྩོམ]ཧ་རུའེ་ཕོད་ཐར་དང་ཚེ་རྡོ།  (༢)

    ལེའུ་1པོ། མ་ཤི་བགེགས་ལས་ཐར་བའི་བུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   (དབྱིན་ཇི) J.K.རའུ་ལིང་གིས་བརྩམས།    ནོར་དཀྱིལ་བུ་ཆུང་རྒྱལ་གྱིས་བསྒྱུར།    |    སྤེལ་དུས།   2009-12-23

        [གོང་འཕྲོས ]   ང་ཚོའི་སྒྲུང་འདི་མུན་འཐིབས་ཤིང་མོག་མོག་པའི་གཟའ་མིག་དམར་ཞིག་ནས་གླེང་བར་བྱ་སྟེ།  ཊཱ་སེ་ལི་བཟའ་ཚོ་ཞོགས་པ་སྔ་པོ་ནས་གཉིད་ལས་སད་སྐབས།  སྒེའུ་ཁུང་ཕྱི་རོལ་གྱི་སྨུག་སྤྲིན་འཐིབས་པའི་ནམ་མཁའ་ལས།  གནས་འདིར་ཧང་སངས་དགོས་པའི་གནས་ཚུལ་ཡ་མཚན་ལྷག་རྒྱུ་ཡིན་པའི་སྔོན་རྟགས་ཅི་ཡང་མི་སྟོན་པས།  སྐུ་ཞབས་ཊཱ་སེ་ལིས་སྔར་རྒྱུན་བཞིན་ངག་ནས་གླུ་ཆུང་ལེན་གྱིན་ཆེས་མི་དགའ་བའི་གོང་དཀྲིས།  གཅིག་བདམས་ནས་སྐེ་ལ་བཏགས་ཏེ།  ལས་ཀར་བསྐྱོད་རྒྱུའི་སྟ་གོན་ལ་ཞུགས།  ལྕམ་ཊཱ་སེ་ལིས་དགའ་དགའ་སྤྲོ་སྤྲོའི་ངང་ལབ་ལོབ་ལུང་པ་གང་ཤོད་ཀྱིན་གང་ཐོན་ཀུ་ཅོ་འདོན་བཞིན་པའི་ཟླ་རླིད་བྱིས་སྒྲོམ་ནང་བླུགས།  །  

        སྒེའུ་ཁུང་གི་མདུན་ནས་འུག་པ་སེར་ནག་གཅིག་གཤོག་སྒྲོ་རྡེབ་ཀྱིན་འཕུར་སོང་བ་ཁོ་གཉིས་སུ་ལའང་དོ་གལ་མ་བྱུང་།  །

        ཆུ་ཚོད་བརྒྱད་དང་ཕྱེད་ཀར།  སྐུ་ཞབས་ཊཱ་སེ་ལིས་ཡིག་ཕད་ལག་ཏུ་ཐོགས་ཤིང་།  ལྕམ་ཊཱ་སེ་ལིའི་ཐོད་པར་འོ་གཅིག་བསྐྱལ་རྗེས།  ཟླ་རླིད་ལ་འོ་བསྐྱལ་ནས་ཕོ་གསར་ཆུང་ཆུང་དེ་དང་གྱེས་ མཇལ་ཞུ་བར་འདོད་མོད་ཀྱང་།  ད་ལྟའི་ཆ་ལ་ཕོ་གསར་དེ་ཁོང་ཁྲོ་ལང་བཞིན་དུ་ནས་ཆག་གྱང་ལྡེབས་སུ་གཏོར་གྱིན་འདུག་པས།  འོ་སྐྱེལ་མ་ཐུབ།  “སྡུག་ཆགས། ” སྐུ་ཞབས་ཊཱ་སེ་ལིས་ཆིག་ལབ་གཅིག་བརྒྱབ་རྗེས།  དགོད་སིག་སིག་ངང་སྒོ་ནས་དོན་ཅིང་།  རླངས་འཁོར་ལ་བསྡད་དེ་ལམ་ཨང་བཞི་པ་ནས་རྒྱབ་ཤིག་བརྒྱབ་ནས་བུད།  །    [མུ་མཐུད་འགོད་རྒྱུ ]

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员