[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>ཆོས་ལུགས།
  • པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ལྷ་ལྡན་གཙུག་ལག་ཁང་དུ་གནས་གཟིགས་ལ་ཕེབས་པ།

    ཀྲོང་ཡན་བཞུགས་གླིང་རྡོ་རྗེ་ཕོ་བྲང་དུ་ཕེབས་བསུའི་བྱེད་སྒོར་ཞུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-05-20

    ཟླ་5ཚེས་18ཉིན་གྱི་ཐོ་རེངས་སུ། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ལྷ་ལྡན་གཙུག་ལག་ཁང་དུ་ཇོ་བོ་ཤཱཀྱ་མུ་ནེ་མཇལ་བར་ཕེབས་པ་དང་འབྲེལ་གཙུག་ལག་ཁང་གི་དགེ་འདུན་པ་ཚོར་ཕྱག་དབང་ཡང་གནང་བ་རེད།

    ཟླ་5ཚེས་10ཉིན་པཎ་ཆེན་རིན་པོ་ཆེ་ལྷ་སར་ཕེབས་འབྱོར་བྱུང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཕུར་བུ་དོན་གྲུབ་ཀྱིས་བཞུགས་གླིང་རྡོ་རྗེ་ཕོ་བྲང་དང་ལྷ་ས་གོང་དཀར་གནམ་ཐང་དུ་ཕེབས་བསུར་བཅར་ནས་པཎ་ཆེན་རིན་པོ་ཆེར་མཇལ་དར་ཕུལ་བ་དང་འབྲེལ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དགའ་བསུ་ཞུ་ལུགས་མཚོན་པར་གནང་བ་རེད།

    གཙུག་ལག་ཁང་དུ་གནས་གཟིགས་ལ་ཕེབས་པ་ནི། པཎ་ཆེན་རིན་པོ་ཆེས་འདི་ལོ་བོད་དུ་སྤེལ་བའི་ཆོས་ཕྱོགས་ཀྱི་མཛད་སྒོ་ཐོག་མ་དེ་རེད། ཚེས་18ཉིན་གྱི་ཐོ་རེངས་ཆུ་ཚོད་5དང་སྐར་མ་30ཙམ་ལ་པཎ་ཆེན་རིན་པོ་ཆེ་དང་བཅས་པ་གཙུག་ལག་ཁང་དུ་ཕེབས་སྐབས། དུང་རྒྱ་གླིང་བཀྲོལ་བ་དང་འཁར་རྔའི་སྒྲའི་ཁྲོད་ཕེབས་བསུ་ཞུས་ཤིང་། དགེ་འདུན་པ་ཚོས་ཞལ་འདོན་གནང་བ་དང་ཕྱག་ཏུ་སྤོས་ཕོར་སྣོམ་པ་དང་དུང་རྒྱ་གླིང་དཀྲོལ་མཁན་དགེ་འདུན་པའི་ཕེབས་རོགས་འོག པཎ་ཆེན་རིན་པོ་ཆེ་གཙུག་ལག་ཁང་གི་འདུ་ཁང་དུ་ཕེབས་ནས་ལྷ་ཁང་རེ་རེ་བཞིན་ལ་གནས་གཟིགས་གནང་བ་རེད། པཎ་ཆེན་རིན་པོ་ཆེས་ཞལ་འདོན་གནང་གིན་གསོལ་བ་སྨོན་ལམ་བཏབ་གནང་ནས་ལྷ་ལྡན་གཙུག་ལག་ཁང་གི་རྟེན་གཙོར་མཇལ་དར་བསྒྲོན་པ་རེད།

    ལྷ་ལྡན་གཙུག་ལག་ཁང་གི་རྟེན་གཙོ་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་མདུན་དུ་པཎ་ཆེན་རིན་པོ་ཆེས་བབ་བརླིང་ངང་སྐུ་ལ་གཟིགས་བཞིན་སྐུ་ཕྱག་ཕུལ་བ་དང་། དེ་རྗེས། པཎ་ཆེན་རིན་པོ་ཆེས་ཕྱག་ཏུ་མཇལ་དར་བསྣམས་ནས་ག་ལེར་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་མདུན་དུ་ཕེབས་ཏེ་ཕྱག་ཟུང་ཐལ་མོ་སྦྱར་ནས་ཐུགས་སྨོན་གནང་བ་དང་སྦྲགས་མཇལ་དར་བསྒྲོན་པ་རེད། གནས་གཟིགས་གྲུབ་རྗེས། པཎ་ཆེན་རིན་པོ་ཆེས་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་མདུན་དུ་ཆར་ཆུ་དུས་སུ་འབབ་པ་དང་། རྒྱལ་ཁབ་དར་ཞིང་རྒྱས་པ། འཛམ་གླིང་ཞི་བདེ། འགྲོ་དྲུག་བདེ་ཞིང་སྐྱིད་པ་བཅས་ཡོང་བའི་ཐུགས་སྨོན་གནང་བ་རེད།

    གནས་གཟིགས་གྲུབ་རྗེས། པཎ་ཆེན་རིན་པོ་ཆེས་གཙུག་ལག་ཁང་གི་དགེ་འདུན་པ་ཚོར་ཕྱག་དབང་གནང་བ་དང་། མཇུག་ཏུ་དགེ་འདུན་པ་ཚོའི་ཞལ་འདོན་ཁྲོད་པཎ་ཆེན་རིན་པོ་ཆེ་ག་ལེར་ལྷ་ལྡན་གཙུག་ལག་ཁང་ནས་ཞལ་གྱེས་པ་རེད།

    ཟླ་5ཚེས་10ཉིན་ལ་པཎ་ཆེན་རིན་པོ་ཆེ་གནམ་གྲུར་བཞུགས་ནས་ལྷ་སར་ཕེབས་འབྱོར་ཟིན་རྗེས། གནམ་ཐང་ངམ་ཡང་ན་བཞུགས་གླིང་རྡོ་རྗེ་ཕོ་བྲང་དུ་ཕེབས་བསུར་བཅར་མཁན་གྲས་སུ་ད་དུང་རྡོ་རྗེ་ཚེ་སྒྲུབ་དང་། ཀྲང་ཧུང་པོ། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ས་ལུང་ཕུན་ལགས། བསོད་ནམས་རིག་འཛིན་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་ལྷ་སའི་དགོན་སྡེ་ཆེ་གྲས་ཁག་གི་དགེ་འདུན་པའི་འཐུས་མིའང་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། བྱ་ཐབས་12དེ་དག་ལག་བསྟར་བྱེད་པའི་དུས་ཚོད་ནི་2022ལོའི་ཟླ་5ཚེས་19ནས་ཟླ་12ཚེས་31ཉིན་བར་ཡིན་པ་རེད། བྱེད་སྒོའི་གཟིགས་སྐྱོང་བྱ་ཡུལ་གཙོ་བོ་ནི་བོད་དུ་སླེབས་ནས་ཉིན་14ཡན་སོང་བའི་ཐེམ་ཁུངས་བོད་ནས་ཡིན་པའི་མི་སྣ་དང་། བོད་སྐྱོར་ལས་བྱེད་པ། ཡུན་རིང་བོད་དུ་ལས་ཀ་བྱེད་མཁན། དེ་བཞིན་བོད་དུ་སླེབས་ནས་ཉིན་14ཡན་སོང་བའི་མི་སྣ་བཅས་དང་། རང་ས་ཁུལ་དུ་ཡུལ་སྐོར་སྒྲིག་འཛུགས་བྱེད་མཁན་གྱི་ལྗོངས་ནང་ཁུལ་གྱི་ཡུལ་སྐོར་ཚོགས་པའི་ཡུལ་སྐོར་ལས་དོན་ཁང་དང་། Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ(དགོན་སྡེ་དང་མཛེས་ལྗོངས་ཁུལ་ཚུད་པ) སྐར་མ་རིམ་པའི་གསོལ་མགྲོན་ཁང་། ཡུལ་སྐོར་སྐྱེལ་འདྲེན་ཁེ་ལས་དང་ལྗོངས་ནང་ཁུལ་གྱི་མཁའ་ལམ་དུ་འཕུར་བའི་མཁའ་འགྲུལ་ཀུང་སི་བཅས་རེད། འོན་ཀྱང་རང་ས་ཁུལ་དུ་ཡུལ་སྐོར་དང“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”སྲིད་ཇུས་གཉིས་ཀ་ལོངས་སྤྱོད་བྱེད་ཆོག་གི་མེད་པར་དེའི་ཁྲོད་ནས་ཁ་གསབ་མང་བའི་སྲིད་ཇུས་དེ་ལོངས་སུ་སྤྱོད་ཆོག་གི་ཡོད་པ་རེད།

    གཟིགས་སྐྱོང་བྱ་དགའི(ཁ་གསབ)བྱ་ཐབས་ནང་གཙོ་བོ་གཤམ་གསལ་ནང་དོན་ཚུད་པ་སྟེ། ཡུལ་སྐོར་འཛད་སྤྱོད་འཛིན་ཤོག་སྒོར་ཁྲི་3000སྤྲོད་རྒྱུ་དང་། ལྗོངས་ཡོངས་ཀྱི་Aརིམ་པའི་མཛེས་ལྗོངས་ཁུལ་གྱིས་ཡུན་རིང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་ལ་གཞོལ་བའི་སྨན་དོན་མི་སྣ་དང་། སྤྱི་བདེ་ལས་བྱེད་ཉེན་རྟོག་པ། དམིགས་བསལ་ཚོགས་སྤྱི(དངོས་ཞབས་དམག་མི་དང་དབང་པོ་སྐྱོན་ཅན)ལ་སྒོ་འཛིན་མི་ལེན་པ། ལྗོངས་ནང་ཁུལ་གྱི་ཡུལ་སྐོར་བར་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་གྱི་རིན་པ་ཆག་ཡང་གཏོང་བའི་བྱ་ཐབས་འདོན་རྒྱུ་དང་Aརིམ་པ་ཡན་གྱི་མཛེས་ལྗོངས་ཁུལ་ལ་དེ་མཚུངས་ཀྱི་ཁ་གསབ་སྤྲོད་རྒྱུ། ལྗོངས་ནང་ཁུལ་གྱི་ཡུལ་སྐོར་བ་སྒྲིག་འཛུགས་བྱས་ནས་མི་གྲངས་200དང་དེ་ཡན་ཟིན་པའི་ཡུལ་སྐོར་ལས་དོན་ཁང་ལ་དེ་མཚུངས་ཀྱི་མ་དངུལ་གྱི་བྱ་དགའ་སྤྲོད་རྒྱུ། མི་གྲངས་800ཡན་ཟིན་པ་དང་ལྗོངས་ནང་ཁུལ་ནས་མདུན་གྲལ་གྱི་ཨང་རིམ་10ཡན་དུ་སླེབས་པའི་ཡུལ་སྐོར་ལས་དོན་ཁང་རེར་སླར་ཡང་བྱ་དགའ་སྒོར་ཁྲི་20སྤྲོད་རྒྱུ། G219ལམ་རྒྱུད་དུ་གསར་བརྗེའི་ཡུལ་སྐོར་སྒྲིག་འཛུགས་བྱེད་མཁན་ཡུལ་སྐོར་ལས་དོན་ཁང་ལ་མི་རེར་བྱ་དགའ་སྒོར་100ལོགས་སུ་ཁ་སྣོན་རྒྱག་རྒྱུ། ཡུལ་སྐོར་ལས་དོན་ཁང་གིས་བཏོན་པའི་དུས་ཐུང་སྤྲོ་གསེང་སོགས་ཁྱད་ལྡན་ཐོན་རྫས་ཀྱིས་མི་གྲངས་100ཡན་དེའི་ནང་ཞུགས་པའི་ཡིད་དབང་བཀུག་ཚེ་བྱ་དགའ་སྒོར་ཁྲི་5སྤྲོད་རྒྱུ། ཡུལ་སྐོར་བ་ཉུང་དུས་ཀྱི་རིན་གོང་ལག་ལེན་བསྟར་བ་མ་ཟད་སྣེ་ལེན་ཞུས་པའི་མི་གྲངས་1000ཟིན་པའི་སྐར་མ་རིམ་པའི་གསོལ་མགྲོན་ཁང་ལ་སྤྲོད་ཐེངས་གཅིག་ལ་ཁ་གསབ་སྒོར་ཁྲི་5སྤྲོད་རྒྱུ། འཁོར་རིགས་ཆེ་གྲས་ལ་སྤྱི་ལེ་རེར་སྒོར་2དང་། འཁོར་རིགས་འབྲིང་གྲས་ལ་སྤྱི་ལེ་རེར་སྒོར་1.5 འཁོར་རིགས་ཆུང་གྲས་ལ་སྤྱི་ལེ་རེར་སྒོར་1བཅས་ཀྱི་ཚད་གཞི་གཞིར་བཟུང་ཡུལ་སྐོར་སྐྱེལ་འདྲེན་ཁེ་ལས་ལ་ཁ་གསབ་སྤྲོད་རྒྱུ་དང་མཁའ་འགྲུལ་གྱི་གཟིགས་སྐྱོང་ཐད་མཁའ་འགྲུལ་གྱི་འགྲུལ་སྐྱེལ་གཉེར་སྐྱོང་གི་སྤ་སེའི་རིན་པ་གཞིར་བཟུང་གཟིགས་སྐྱོང་སྲིད་ཇུས་སྒྱུར་བཅོས་བྱས་ནས་ལག་ལེན་བསྟར་རྒྱུ། ཡིད་རྟོན་དངུལ་བུན་གྱི་རོགས་སྐྱོར་དང་། ལས་བྱེད་ལས་བཟོ་དེའི་ནང་ཞུགས་པར་སྐུལ་ལྕག ཡུལ་སྐོར་དྲིལ་བསྒྲགས་དང་ཁྱབ་གདལ་ལ་ཤུགས་སྣོན་རྒྱག་པ། མཐའ་མཚམས་ཀྱི་ལམ་ཡིག་གཉེར་སྒྲུབ་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་གསར་དུ་བཏོད་ནས་འདོན་རྒྱུ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།