[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>ཆོས་ལུགས།
  • ལྗོངས་ཡོངས་ཀྱི“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོའི་གཟེངས་བསྟོད་ཚོགས་ཆེན་ཐོག་གི་གཏམ་བཤད། (གནད་བསྡུས)

    ཆབ་སྲིད་ཐད་བློས་འཁེལ་བ་ཞིག་བྱེད་དགོས་པའི་ཚད་གཞིར་བརྩི་བཀུར་ལག་བསྟར་བྱས་ཏེ།

    དར་ཆ་གསལ་སྟོན་དང་ལངས་ཕྱོགས་བརྟན་པའི་ སྔོན་ཐོན་གྲྭ་བཙུན་ཞིག་བྱེད་པར་བརྩོན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-28

    ལྷ་ས་གྲོང་ཁྱེར་མཚུར་ཕུ་དགོན་གྱི་དཔེ་ཆའི་དགེ་རྒན། ལྷ་ཕྲུག

    ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ནི་རྨང་གཞི་ཡིན། སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་ནས་བཟུང་། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དང་། ཏང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས་སློབ་སྦྱོང་བྱས་ཏེ། བསམ་བློའི་ངོས་འཛིན་དང་ཆབ་སྲིད་ཀྱི་རྣམ་འགྱུར་ཐད་ཡར་རྒྱས་དང་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད། དགེ་འདུན་པ་ཚང་མས་ཀྲུང་གོ་གུང་ཁྲན་ཏང་མེད་ན། ཀྲུང་གོ་གསར་པ་མེད་ལ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཡང་མེད་པ་དང་། ལྷིང་འཇགས་མཐུན་སྒྲིལ་གྱི་སྤྱི་ཚོགས་ཁོར་ཡུག་མེད་པ། ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡོད་མི་སྲིད་ལ། རབ་བྱུང་བ་ང་ཚོ་ཆོས་ལ་ཉམས་ལེན་གང་ཟབ་བྱེད་པའི་ཁོར་ཡུག་བཟང་པོ་དེ་བས་ཡོད་མི་སྲིད་པས། དུས་དང་རྣམ་པ་ཀུན་ཏུ་ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་ངེས་པ་དང་དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱས་ཏེ། མེས་རྒྱལ་གཅིག་གྱུར་དང་མི་རིཌ་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པའི་ངོས་འཛིན་གཏིང་ཟབ་བྱུང་ཡོད། དགེ་འདུན་པ་ཞིག་ཡིན་པའི་ངོས་ནས་བློ་རྩེ་གཅིག་སྒྲིམ་གྱིས་ཐོས་བསམ་ལ་འབད་དགོས་པ་དང་། སྒོམ་སྒྲུབ་ཉམས་ལེན་བྱེད་དགོས་པ་མ་ཟད། དེ་བས་རང་རྟོགས་ངང་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས། སྔར་ལས་ལྷག་པའི་ངང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ་བཅས་བྱས་ཏེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོར་ཕྱེ་ནས་ཏང་དང་སྲིད་གཞུང་ཐུགས་བློ་བདེ་པོ་ཡོང་བ་བྱེད་དགོས།

    ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་རྒྱུ་ནི་འགག་རྩ་ཡིན། ཉེ་བའི་ལོ་ཤས་རིང་། སློབ་གསོ་ལག་ལེན་དང་ལྟ་སྐོར་རྟོག་ཞིབ་བྱས་པ་བརྒྱུད། ང་ཚོས་མེས་རྒྱལ་གྱི་འཕོ་འགྱུར་མིག་མཐོང་ལག་ཟིན་བྱུང་ལ། དགོན་ཕན་གྲྭ་ཕན་གྱི་གཟིགས་སྐྱོང་སྲིད་ཇུས་ཀྱིས་དཔེ་ཆ་བའི་འཚོ་བར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་རང་ངོ་མར་མྱོང་ཚོར་བྱུང་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་འགྲོ་འདུག་གནས་མལ་གྱི་འགྱུར་ལྡོག་ཧ་ཅང་ཆེན་པོ་མཐོང་བ། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ལྗོངས་མི་དམངས་ཚུད་པའི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བར་དོན་ངོ་མའི་ཐོག་ནས་འགྱུར་ལྡོག་བྱུང་བ་མྱོང་ཚོར་ཏན་ཏིག་ཐུབ་པ། སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཀྱིས་སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་པའི་ལེགས་ཆ་དང་། རླབས་ཆེན་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ། བོད་ལྗོངས་གསར་པའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བཅས་ལ་མྱོང་ཚོར་གཏིང་ཟབ་བྱུང་། ང་ཚོས་དགེ་འདུན་པ་ཚོར“ཕན་པ་གང་ནས་བྱུང་བ”དང“བཀའ་དྲིན་སུ་ལ་གསོལ་བའི”གནས་ལུགས་ལ་བསམ་ཤེས་དང་བསམ་གཞིག་མང་ཙམ་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་བློ་ལ་བརྟན་པོ་ངེས་དགོས་པ་དང་། ལྷག་པར་དུ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ལ་དམིགས་བསལ་གྱི་བརྩེ་སེམས་འཆང་བ་དང་རླབས་ཆེན་མེས་རྒྱལ་ལ་དགའ་ཞེན་ཚད་མེད་བྱེད་ཀྱི་ཡོད་པས། ང་ཚོས་ཆབ་སྲིད་ཐད་རིག་པ་དྭངས་གསལ་དང་ལངས་ཕྱོགས་བརྟན་པོ་དང་། ཁ་ཞེ་གཉིས་མེད་བྱེད་དགོས་ལ། རླབས་ཆེན་གཙོ་འཛིན་མའོ་ཀྲུའུ་ཞི་ལ་བརྩི་བཀུར་ཞུ་བ་ལྟར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བརྩི་བཀུར་ཞུ་དགོས་པ། རང་ཉིད་ཀྱི་མིག་གཉིས་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་དགོས།

    སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་ཕོད་པ་ནི་སྤྱི་དམངས་ཀྱི་འགན་འཁྲི་ཞིག་ཡིན། ང་ཚོ་རབ་བྱུང་བ་རྣམས་ནི་རྒྱལ་ཁབ་ཀྱི་སྤྱི་དམངས་དང་། སྤྱི་ཚོགས་ཀྱི་ཁོངས་མི་ཞིག་ཡིན་པའི་ངོས་ནས། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་ནུས་པ་གང་ཙམ་བཏོན་ནས། མེས་རྒྱལ་དེང་རབས་ཅན་འཛུགས་སྐྲུན་བྱེད་རིང་ང་ཚོ་དགེ་འདུན་པ་རྣམས་ཀྱིས་ཀྱང་ནུས་པ་འདོན་སྤེལ་བྱེད་དགོས། ང་ཚོས“ཚད་གཞི་བཞིའི”བླང་བྱ་གཞིར་བཟུང་། དཔལ་འབྱོར་གོང་འཕེལ་དང་། དམངས་འཚོ་ལེགས་བཅོས། སྤྱི་ཚོགས་ཞི་མཐུན་བཅས་ཐད་ཀྱི་ཆོས་ལུགས་ལས་རིགས་མི་སྣའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། བྱ་སྤྱོད་ངོ་མའི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་ལ་དྲིན་ལན་འཇལ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།