[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>ཆོས་ལུགས།
  • ལྗོངས་ཡོངས་ཀྱི“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོའི་གཟེངས་བསྟོད་ཚོགས་ཆེན་ཐོག་གི་གཏམ་བཤད། (གནད་བསྡུས)

    འགག་རྩའི་དུས་སུ་ནུས་པ་ཐོན་པའི་ཚད་གཞིར་བརྩི་བཀུར་དང་ལག་བསྟར་བྱས་ཏེ།

    དགེ་ནུས་འདོན་སྤེལ་བྱེད་མཁན་གྱི་སྔོན་ཐོན་ གྲྭ་བཙུན་ཞིག་བྱེད་པར་བརྩོན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-28

    གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་གནས་རྙིང་དགོན་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། བློ་བཟང་བྱམས་པ།

    སློབ་སྦྱོང་གི་གྲུབ་འབྲས་སྲ་བརྟན་དང“འགག་རྩ”ཞེས་པའི་གོ་དོན་ལ་གོ་བ་གཏིང་ཟབ་བླངས་ཤིང་། སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་ནས་བཟུང་། རང་དགོན་སྡེའི་དགེ་འདུན་པ་ཚང་མས་མྱོང་ཚོར་གླེང་བ་དང་། རང་སྐྱོན་གསལ་སྟོན། མཐའ་ཚད་གསལ་སྟོན། དེ་བཞིན“ཚད་གཞི་བཞིའི”བླང་བྱ་གཞིར་བཟུང་ཞིབ་བསྡུར་བྱས་ནས་འགག་རྩའི་དུས་སུ་དགོན་སྡེའི་གྲྭ་བཙུན་གྱི་ནུས་པ་འདོན་སྤེལ་བྱེད་པའི་ཐད་ལྷག་པའི་གནད་དོན་བཙལ་འཚོལ་གཏིང་ཟབ་བྱས་ཡོད། ཆོས་ལུགས་ལས་རིགས་མི་སྣས“འགག་རྩའི་དུས་སུ་ནུས་པ་ཐོན་པ”ཞེས་པའི་ཞིབ་ཕྲའི་བླང་བྱར་གོ་བ་གཏིང་ཟབ་ལེན་པ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་ཆོས་ལུགས་ཀྱི་སྒྲིག་སྲོལ་ལ་ཤུགས་རྐྱེན་ཐེབས་པ་ངོས་འཛིན་ཐུབ་པའི་འགག་རྩའི་དུས་སུ། ངེས་པར་དུ་ཏང་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུ་བ་དང་། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་མི་དམངས་ཀྱི་ཕྱོགས་སུ་ལངས་ནས་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པ། བློ་བརྟན་འགྱུར་མེད་ངང་གུང་ཁྲན་ཏང་གི་རྗེས་སུ་འབྲང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ། ལངས་ཕྱོགས་བརྟན་པོ་དང་དར་ཆ་གསལ་སྟོན་གྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་དང་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།

    ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་བློ་ལ་བརྟན་པོར་བཅངས་ནས་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་དགོས། ང་ཚོས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་མི་སྣ་རིམ་བྱུང་གི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ་དང་དར་སྤེལ་གཏོང་བ་དང་། ང་ཚོས“འགག་རྩའི་དུས་སུ་ནུས་པ་ཐོན་པ”བྱེད་པའི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། ལངས་ཕྱོགས་བརྟན་པོ་དང་། ཁ་ཕྱོགས་བརྟན་པོ། ལམ་ཕྱོགས་ཡང་དག་བཅས་ཀྱི་སྒོ་ནས་འགག་རྩའི་དུས་སུ་ནུས་པ་འདོན་པ་བཅས་བྱེད་དགོས། ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཞིག་གི་ངོས་ནས་ཞུས་ན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ལེན་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་འགག་རྩའི་དུས་སྐབས་སུ། འདུ་ཤེས་རྙིང་པ་དོར་ནས་རང་འགུལ་ངང་ས་གནས་ཏང་ཨུད་དང་སྲིད་གཞུང་གི་བྱ་གཞག་ཁག་འཕེལ་རྒྱས་གཏོང་བར་གཞོགས་འདེགས་དང་རྒྱབ་སྐྱོར་བྱེད་དགོས་ལ། རང་ཉིད་ཀྱི་སྤྱི་དམངས་ཀྱི་འོས་འགན་དང་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་སྒྲུབ་པ་དང་དད་ལྡན་མང་ཚོགས་ལ་སེམས་ནུས་གཙོ་བོ་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དང་། འཚོ་བའི་སྤུས་ཚད་ཇེ་ལེགས་སུ་གཏོང་རྒྱུ། དཔལ་འབྱོར་ཡོང་འབབ་མང་དུ་གཏོང་རྒྱུ་བཅས་ཀྱི་ཐོག་འཇོག་རྒྱུའི་ཁྲིད་སྟོན་ཧུར་ཐག་བྱས་ཏེ། བྱ་སྤྱོད་ངོ་མའི་ཐོག་ནས་ཏང་དང་སྲིད་གཞུང་གི་བཀའ་དྲིན་གཞལ་ཐུབ་པ་བྱེད་དགོས།

    ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་ཏང་གི་བླང་བྱ་དོན་འཁྱོལ་བྱེད་དགོས། “འགག་རྩའི་དུས་སུ་ནུས་པ་ཐོན་པ”ཞེས་པ་ནི་ང་ཚོས་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་གི་བཀའ་ལ་ཉན་པ་དང་གོམ་སྟབས་གཅིག་གྱུར་གྱིས་ཏང་གི་རྗེས་སུ་འབྲང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་དང་མི་དམངས་ཀྱི་ཕྱོགས་སུ་ལང་བ། འགག་རྩའི་དུས་སྐབས་དང་། འགག་རྩའི་དུས་ཚིགས། འགག་རྩའི་གནད་དོན་བཅས་ཐད་རང་འགུལ་ངང་དྲང་ཕྱོགས་ཀྱི་ནུས་ཤུགས་འདོན་པ། རྒྱལ་གཅེས་ཆོས་གཅེས་ཀྱི་སྔོན་བྱོན་སྐྱེས་བུ་དམ་པ་རྣམས་མིག་དཔེར་བཟུང་བ། ཉེ་རབས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་ངེད་གནས་རྙིང་དགོན་པས་དབྱིན་ཇིའི་བཙན་འཛུལ་བར་དཔའ་མཛངས་རྟུལ་ཕོད་ཀྱིས་འགོག་རྒོལ་བྱས་པའི་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱེད་པ་དང་དར་སྤེལ་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་བརྒྱུད་ནང་བསྟན་ལས་རིགས་ལ་བཏོན་གནང་བའི་ཐུགས་རེ་ཟབ་མོ་ངོས་འཛིན་དང་གོ་བ་གཏིང་ཟབ་ལེན་པ། ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཆོས་ལུགས་ལས་རིགས་མི་སྣར་གནང་བའི་བཀའ་སློབ་མཛུབ་སྟོན་སློབ་སྦྱོང་གཏིང་ཟབ་བྱེད་པ། སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཐོག་མཐའ་བར་གསུམ་དུ་ཏང་དང་སྲིད་གཞུང་དང་བློ་གཅིག་སེམས་གཅིག་དང་། བློ་གཅིག་ཕྱོགས་གཅིག བློ་གཅིག་སྤྱོད་གཅིག་བཅས་བྱས་ཏེ། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།