[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • བོད་ལྗོངས་རིག་རྩལ་དང་བླངས་པའི་མཐུན་ཚོགས་དངོས་སུ་བཙུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-05-31

    ཚེས་26ཉིན། བོད་ལྗོངས་རིག་རྩལ་དང་བླངས་པའི་མཐུན་ཚོགས་བཙུགས་པའི་ཚོགས་ཆེན་ལྷ་སར་འཚོགས་པ་རེད། ནང་སའི་འཁྲབ་སྟོན་པ་ལིན་ཡུང་ཅན་དང་། གཞས་མ་ལི་ཏན་དབྱང་། དེང་རབས་ཀྱི་རི་མོ་བ་གྲགས་ཅན་ཞུས་ལི་སོགས་མི་5མཐུན་ཚོགས་ཀྱི་བློ་འདྲི་བར་གདན་དྲངས་པ་དང་། “སྒྲ་གདངས་འབྲིང་བའི་བུད་མེད་མཛེས་ཤོས”འཇམ་དབྱངས་སྒྲོལ་མ་དང་། “བོད་ཀྱི་བྱིའུ་ཆུང་འཇོལ་མོ”བདེ་སྐྱིད་མེ་ཏོག དྲ་རྒྱའི་རྩོམ་པ་པོ་ཡུས་ཆན(ཀྲང་ཞའོ་ལིང)སོགས་མི་8མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རིག་རྩལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་ཆེད། རང་སྐྱོང་ལྗོངས་རིག་རྩལ་ལྷན་ཚོགས་ཀྱིས་བོད་ལྗོངས་རིག་རྩལ་དང་བླངས་པའི་མཐུན་ཚོགས་འཛུགས་པའི་གྲོས་འགོ་བཏོན་པ་རེད། 2021ལོའི་ཟླ་12ཚེས་10ཉིན། ལྗོངས་དམངས་སྲིད་ཐིང་གི་མཆན་འགོད་བཀའ་ལན་ཐོབ་པ་དང་བོད་ལྗོངས་རིག་རྩལ་དང་བླངས་པའི་མཐུན་ཚོགས་འཛུགས་པའི་མོས་མཐུན་བྱས་པ་རེད།

    མཐུན་ཚོགས་ཀྱིས་རང་ལྗོངས་ཀྱི་རྒྱ་ཆེའི་རིག་རྩལ་ལས་དོན་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ། རིག་རྩལ་དང་བླངས་ཞབས་འདེགས་རྒྱ་ཁྱབ་དང་གཏིང་ཟབ་ཞུ་བ་དང་། རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་ཆེན་པོ་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།