[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • “གངས་ལྗོངས་ཀྱི་བརྩེ་སེམས། བོད་ཀྱི་གཞོན་དར་སྣུམ་ཚོན་རི་མོ་མཁས་ཅན་གྱི་མིང་འདོན་འགྲེམས་སྟོན”གཉེར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-05

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ་དང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བར་དྲན་གསོ་ཞུ་བ། རིག་རྩལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བཅས་བྱ་ཆེད། ཉེ་ཆར། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་དང་། བོད་ལྗོངས་རི་མོ་མཁས་ཅན་མཐུན་ཚོགས་དང་། བོད་ལྗོངས་མཛེས་རྩལ་ཁང་། བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་བཅས་ཀྱིས་མཉམ་དུ་གཉེར་བ། བོད་ལྗོངས་སྣུམ་ཚོན་རི་མོ་སློབ་ཚོགས་ཀྱིས་སྒྲིག་འཛུགས་ཇུས་འགོད་བྱས་པའི“གངས་ལྗོངས་ཀྱི་བརྩེ་སེམས། བོད་ཀྱི་གཞོན་དར་སྣུམ་ཚོན་རི་མོ་མཁས་ཅན་གྱི་མིང་འདོན་འགྲེམས་སྟོན”བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་དུ་བྱས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་དང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་རྩོམ་རིག་སྒྱུ་རྩལ་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བཀྲ་ཤིས་ཟླ་བས་འགྲེམས་སྟོན་ལ་གཟིགས་པ་རེད།

    ད་ཐེངས་ཀྱི་བྱེད་སྒོས་དེང་སྐབས་བོད་ཀྱི་མཛེས་རྩལ་བརྩམས་ཆོས་ཀྱི་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། བོད་ཀྱི་སྣུམ་ཚོན་བརྩམས་ཆོས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་ཐུབ་པ་མ་ཟད། ད་དུང་རི་མོ་མཁས་ཅན་ཚོས་བོད་ཀྱི་སྣུམ་ཚོན་རི་མོའི་བྱ་གཞག་འཕེལ་རྒྱས་གཏོང་བའི་རིག་གནས་ཀྱི་གདེང་ཚོད་ཟབ་ཏུ་ཕྱིན་པ་དང་འབྲེལ། གསར་རྩོམ་དང་སྒྱུ་རྩལ་སྤེལ་རེས་བྱེད་རིང་ཁོ་ཚོ་རྒྱུན་ཆད་མེད་པར་འཚར་ལོངས་བྱུང་བ་དང་བོད་ཀྱི་སྣུམ་ཚོན་རི་མོ་མཁས་ཅན་གྱི་གསར་གཏོད་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་ཁར། བོད་ཀྱི་སྣུམ་ཚོན་སྒྱུ་རྩལ་གྱི་སྤུས་རྟགས་ཀྱི་འདུ་ཤེས་རིམ་གྱིས་བཙུགས་ཏེ། བོད་ཀྱི་སྣུམ་ཚོན་རི་མོ་རྒྱལ་ཡོངས་སུ་སྐྱོད་པ་དང་། བོད་ཀྱི་སྣུམ་ཚོན་རི་མོའི་གསར་རྩོམ་གྱིས་བོད་ཀྱི་རིག་རྩལ་བྱ་གཞག་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་ཕུལ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།