[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་ཕྱག་རྟགས་ཕུལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-12

    665940_yis_1569777205372_s.jpg

    འདི་ནི་གཏམ་བརྗོད་ཟློས་གར《སྐྱེ་མི་ཆོག་པའི་མི》འཁྲབ་སྟོན་བྱེད་བཞིན་པ།

    འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་རེད། དམིགས་བསལ་གཏན་ནས་མིན་པའི་ལོ་འདིར་རྟེན་འབྲེལ་ཞུ་ཆེད། རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པ་དང་། རང་སྐྱོང་ལྗོངས་ལྷ་མོ་ཚོགས་པ། ལྗོངས་གླུ་གར་ཚོགས་པ་བཅས་ཀྱིས་གྲ་སྒྲིག་གང་ལེགས་བྱས་ནས་གྲགས་ཅན་གྱི་འཁྲབ་ཚན་དང་རིག་རྩལ་མཚན་ཚོགས་ནང་སྦྱོང་བྱས་ཏེ་སྒྱུ་རྩལ་འཁྲབ་སྟོན་བྱེད་སྟངས་བརྒྱུད། བོད་གསར་རྙིང་གི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་མངོན་པ་དང་། ཀྲུང་གོ་གུང་ཁྲན་ཏང་ལ་བསྟོད་གླུ་ལེན་པ། བོད་ཀྱི་མི་དམངས་ཀྱིས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་གང་ལེགས་མཚོན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་མངོན་འགྱུར་བྱ་ཆེད་འབད་འཐབ་ཧུར་ཐག་བྱེད་པའི་ཆོད་སེམས་མངོན་པ་བཅས་བྱས་ཡོད།

    གཏམ་བརྗོད་ཟློས་གར《སྐྱེ་མི་ཆོག་པའི་མི》དང་། དངོས་ཡོད་བརྗོད་བྱར་བྱས་ནས་གསར་དུ་རྩོམ་སྒྲིག་བྱས་པའི་ལྷ་མོ《ས་མཐོའི་སྤྲིན་སྒྲ》དང《རྒྱལ་དར་ལ་བསྟོད། གངས་ལྗོངས་ཀྱི་བརྩེ་བ》ཞེས་པའི་བརྗོད་དོན་གཙོ་བོའི་རིག་རྩལ་མཚན་ཚོགས་རྒྱལ་སྟོན་རིང་བསྟན་ཡོད་པས་ཚང་མའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་ཡོད།

    665939_yis_1569777204782_s.jpg

    གཏམ་བརྗོད་ཟློས་གར《སྐྱེ་མི་ཆོག་པའི་མི》འཁྲབ་སྟོན་བྱེད་བཞིན་པ།

    《སྐྱེ་མི་ཆོག་པའི་མི》 —— ཉི་མ་སྤྲིན་པའི་འོག་ནས་དྭངས་བ།

    “ཕྲུ་གུ་ཚོ། མགྱོགས་པོ་ཤོག་དང་། ང་ཚོའི་མི་རབས་འདིས་དགྲ་ཤ་ལེན་ཐུབ་མ་སོང་། ཁྱེད་ཚོ། ཁྱེད་ཚོས་རྒྱུན་འཁྱོངས་གྱིས་ཨ། ནམ་ཞིག་ཉི་མ་སྤྲིན་པའི་འོག་ནས་དྭངས་བའི་དུས་ཤིག་ཤར་ཡོང”

    ཟླ་བརྒྱད་པའི་ཟླ་མཇུག་ཏུ། བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་ཟློས་གར་ཁང་དུ་གཏམ་བརྗོད་ཟློས་གར《སྐྱེ་མི་ཆོག་པའི་མི》ནང་སྦྱོང་ཚ་ཚ་འུར་འུར་ངང་བྱེད་བཞིན་འདུག འཁྲབ་གཞུང་གི་མི་སྣ་གཙོ་བོ་ཞིང་བྲན“བཀྲ་ཤིས”དང“སྐལ་བཟང”འཁྲབ་མཁན་གྱི་འཁྲབ་རྩལ་བྱང་ཆུབ་པར་ལས་དོན་མི་སྣ་ཧ་ལས་ཧང་སངས་སོང་།

    གཏམ་བརྗོད་ཟློས་གར《སྐྱེ་མི་ཆོག་པའི་མི》ཞེས་པ་ནི་དམངས་གཙོའི་བཅོས་སྒྱུར་གྱི་སྔ་རྗེས་སུ་བོད་ཀྱི་མི་དམངས་ཀྱི་ལས་དབང་ལ་འགྱུར་ལྡོག་བྱུང་བའི་མཚོན་ཚུལ་ངོ་མ་ཡིན་པ་དང་། དེའི་ནང་བོད་ལ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ཞིང་བྲན་བཟའ་ཚོ་བཀྲ་ཤིས་དང་དབྱངས་ཅན་དབར་གྱི་ཡ་ང་བའི་འཚོ་བ་མཚོན་ཡོད་ཅིང་། ཁོང་གཉིས་ལ་གཞིས་བདག་གི་བརྙས་བཅོས་དྲག་པོ་ཕོག་ནས་དབྱངས་ཅན་གྱི་མངལ་དུ་ཆགས་པའི་བུ་མོ་མཚེ་མ“སྐྱེ་མི་ཆོག་པའི་མིར”གྱུར། བཀྲ་ཤིས་ཀྱིས་དཀའ་སྡུག་མང་པོ་མྱངས་བ་མ་ཟད། བཟའ་ཟླར་བརྙས་བཅོས་ཚད་མེད་ཕོག་ནས་འཆི་སྟངས་འཆི་ལུགས་ཚང་མ་མིག་མཐོང་ལག་ཟིན་བྱུང་ཡོད། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས། བཀྲ་ཤིས་ཀྱི་བུ་མོ་བཀྲ་ཤིས་དང་ཉི་མར་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་བ་མ་ཟད། “ང་རང་རང་ཉིད་ཀྱིས་དཀར་གཙང་མཇལ་དར་མའོ་ཀྲུའུ་ཞིར་འབུལ་རྒྱུ་ཡིན”ཞེས་པའི་སེམས་གཏམ་བཤད། འཁྲབ་གཞུང་ནང་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་དབྱེ་མཚམས་སུ་བྱས་ནས་སྤྱི་ཚོགས་ཀྱི་མུན་ནག་དང་བདེ་སྐྱིད་འཚོ་བ་བསྡུར་བ་མངོན་གསལ་དོད་པོ་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 《སྐྱེ་མི་ཆོག་པའི་མི》ཞེས་པའི་གཏམ་བརྗོད་ཟློས་གར་1963ལོར་ཐོག་མར་འཁྲབ་སྟོན་བྱས་རྗེས་1978ལོ་དང་2009ལོར་བསྐྱར་སྒྲིག་བྱས་པ་རེད། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་དང་། རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་ཚོགས་གཙོ་གཞོན་པ། ད་ཐེངས་བསྐྱར་སྒྲིག་འཁྲབ་སྟོན་གྱི་སྒྱུ་རྩལ་སྤྱི་ཁྱབ་ལྟ་ཞིབ་པ་བཅས་ཡིན་པའི་བློ་བསྟན་གྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་ཕྱག་རྟགས་སུ་འབུལ་རྒྱུའི་གཏམ་བརྗོད་ཟློས་གར་འདི་ད་ལྟ་བསྐྱར་སྒྲིག་ཐེངས་བཞི་པ་བྱེད་བཞིན་ཡོད་ཅེས་བཤད།

    《སྐྱེ་མི་ཆོག་པའི་མི》ཞེས་པ་འཁྲབ་སྟོན་བྱེད་པའི་དམིགས་ཡུལ་ནི་གཏམ་བརྗོད་ཟློས་གར་གྱི་རྣམ་པའི་ཐོག་ནས་དུས་རབས་གསར་པའི་བོད་ཀྱི་གཞོན་ནུ་ལོ་ཆུང་ཚོར་བཀའ་དྲིན་ཚོར་བར་བྱས་ཏེ། ལས་སླ་པོར་བྱུང་བ་ཞིག་གཏན་ནས་མིན་པའི་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་འཛིན་བྱ་རྒྱུའི་སློབ་གསོ་གཏོང་ཆེད་རེད། “གར་སྟེགས་ཀྱི་ཟློས་གར་འཁྲབ་སྟོན་བྱེད་སྟངས་བཞི་པ་ཡིན་པའི་ཟློས་གར་འདིས་སྔར་ཡོད་ནང་དོན་གྱི་རྨང་གཞིའི་ཐོག་འགོ་འཛུགས་པ་དང་མཇུག་བསྡུ་བའི་དུམ་བུ་གཉིས་བསྣན་པ་དང་ཆབས་ཅིག གཏམ་རྒྱུད་ལྷུག་པོར་གླེང་བའི་དུས་ཚོད་རིང་དུ་བཏང་ཞིང་། དེ་གོང་གི་འཁྲབ་སྟོན་བྱེད་སྟངས་གསུམ་པོ་ནི་1939ལོ་ནས་1959ལོ་བར་ཡིན་པ་ནས་1939ལོ་ནས་2019ལོ་བར་རིང་དུ་བཏང་བ་རེད། ང་ཚོས་ད་དུང་གཙོ་འཁྲབ་པ་ཉི་མ་ལོ་80ལ་སླེབས་རུང་བོད་ལྗོངས་མི་རིགས་སློབ་ཆེན་དུ་ཡང་བསྐྱར་ལོག་ནས་དུས་རབས་གསར་པའི་གཞོན་ནུ་ལོ་ཆུང་ཚོར་རང་ཉིད་ཀྱི་གཏམ་རྒྱུད་བརྗོད་པའི་དུམ་བུ་ཞིག་དམིགས་བསལ་གྱིས་བསྣན་པ་ཡིན”ཞེས་བློ་བསྟན་གྱིས་གསར་འགོད་པར་བཤད་བྱུང་།

    བློ་བསྟན་གྱིས། ད་རེས་ཀྱི་འཁྲབ་སྟོན་ནང་ཞུགས་མཁན་ཕལ་ཆེ་བ་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་གཞོན་ནུ་འཁྲབ་སྟོན་པ་ཤ་སྟག་ཡིན་ཞིང་། ཁོང་ཚོའི་ངོས་ནས་བརྗོད་ན་དེ་ནི་སྦྱོང་བརྡར་ཞིག་ཡིན་ལ་ཚད་བརྒལ་ཞིག་ཀྱང་རེད། མིག་སྔར་འཁྲབ་སྟོན་པ་ཚོས་ཉིན་ལྟར་ཧུར་སེམས་ཆེན་པོའི་སྒོ་ནས་འཁྲབ་སྟོན་ནང་སྦྱོང་བྱས་ཏེ་སྦྱོང་བརྡར་གྱི་མྱུར་ཚད་དང་སྤུས་ཚད་འགན་ལེན་བྱེད་བཞིན་ཡོད། ཁོང་ཚོས་ད་ཆ་འཁྲབ་སྟོན་གྲ་སྒྲིག་ཨང་བསར་བྱས་ཟིན་པས་མི་རིང་བར་ང་ཚོས་མིག་ཡིད་རྣ་བའི་དགྱེས་སྟོན་ཞིག་ལ་རོལ་རྒྱུར་སྒུག་བསྡད་ན་འགྲིག་ཅེས་གསར་འགོད་པར་བཤད་བྱུང་།

    665948_yis_1569777208132_s.jpg

    འདི་ནི《ས་མཐོའི་སྤྲིན་སྒྲ》ནང་སྦྱོང་བྱེད་བཞིན་པ།

    《ས་མཐོའི་སྤྲིན་སྒྲ》 —— ཡར་ལངས་ཞིང་བྲན་ཚོས་དགའ་བའི་གླུ་གཞས་ལེན།

    ཞོ་སྟོན་ཚར་རྗེས་བོད་རང་སྐྱོང་ལྗོངས་ཀྱི་གཏམ་བརྗོད་ཟློས་གར་ཚོགས་པ་སླར་ཡང་ལས་ཀར་བྲེལ་འགོ་ཚུགས་ཤིང་། དངོས་ཡོད་བརྗོད་བྱར་བྱས་ནས་གསར་དུ་རྩོམ་སྒྲིག་བྱས་པའི་ལྷ་མོ《ས་མཐོའི་སྤྲིན་སྒྲ》ཞེས་པའི་འཁྲབ་སྟོན་ཚོགས་ཆུང་སྦྱོང་བརྡར་ལ་གཞོལ་བཞིན་ཡོད།

    《ས་མཐོའི་སྤྲིན་སྒྲ》ཞེས་པའི་འཁྲབ་ཁྲིད་པ་བསོད་ནམས་དགྲ་འདུལ་གྱིས་གར་སྟེགས་གཤམ་དུ་ཟློས་གར་གྱི་ནང་དོན་གཞིར་བཟུང་། གར་སྟེགས་ཐོག་གི་འཁྲབ་སྟོན་པ་ཚོར་འཁྲབ་སྟངས་སློབ་བཞིན་ཡོད་ཅིང་། ཁོང་གིས་ད་ཐེངས་ཀྱི་ཟློས་གར་ནང་གཞོན་ནུ་འཁྲབ་སྟོན་པ་མང་དག་ཅིག་བདམས་ཡོད། ད་རེས་ཀྱི་འཁྲབ་སྟོན་འདིའི་ནང་ཞུགས་པ་ལས་ཁོང་ཚོར་སྦྱོང་བརྡར་ཐེབས་རྒྱུ་དང་འཁྲབ་རྩལ་ལེགས་སུ་འགྲོ་རྒྱུའི་རེ་བ་ཡོད། དཔེར་ན་གཙོ་འཁྲབ་པ་ཡིན་པའི་ཟླ་བ་ཆོས་སྒྲོན(འཁྲབ་མཁན་ཀ་པ)གྱི་གར་སྟེགས་ཀྱི་ཕྱོགས་ཡོངས་ཀྱི་འཇོན་ཐང་ཆེན་པོ་ཡོད་པ་དང་། བསོད་ནམས་ཆོས་སྒྲོན་གཞོན་པ(འཁྲབ་མཁན་ཁ་པ)གཞས་གཏོང་མཁས་པོ་ཡོད། ཁོང་ཚོར་རང་སོ་སོའི་ཁྱད་ཆོས་ལྡན་པས་ཕན་ཚུན་སློབ་སྦྱོང་བྱས་ན་མཉམ་དུ་ཡར་རྒྱས་འགྲོ་རྒྱུ་རེད་ཅེས་བཤད།

    བསོད་ནམས་དགྲ་འདུལ་གྱིས་གསར་དུ་བརྩམས་པའི་དངོས་ཡོད་བརྗོད་བྱའི་ལྷ་མོ《ས་མཐོའི་སྤྲིན་སྒྲ》ནི་རང་སྐྱོང་ལྗོངས་ཟློས་གར་ཚོགས་པས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་ཆེད་ཕྱག་རྟགས་ཕུལ་བའི་འཁྲབ་ཚན་ཞིག་རེད། འཁྲབ་ཚན་འདིའི་བརྗོད་བྱ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་རྫོང་སྐྱེད་པ་ཤང་བསམ་མཁར་གྲོང་ཚོ་ནས་བྱུང་བ་དང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་རྫོང་སྐྱེད་པ་ཤང་བསམ་མཁར་གྲོང་ཚོའི་ཡར་ལངས་ཞིང་བྲན་ལྷ་མོས་ནང་གཟན་11གི་སྣེ་ཁྲིད་དེ་ཞིང་ལས་ཐོན་སྐྱེད་རོགས་རེས་ཚོགས་ཆུང་བཙུགས་ཏེ་སོ་སོའི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་བཏོད་པའི་གཏམ་རྒྱུད་བརྗོད་པ་དང་། གནས་ཚུལ་ཆུང་ངུ་ལས་དོན་ཆེན་བརྗོད་དེ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་གྱི་ཡར་ལངས་ཞིང་བྲན་གྱི་བདེ་སྐྱིད་ལྡན་པའི་འཚོ་བ་མཚོན་པ་བྱས་ཡོད་ཅེས་ངོ་སྤྲོད་བྱས།

    བསོད་ནམས་དགྲ་འདུལ་གྱིས་དེ་སྔའི་བོད་ཀྱི་སྒྱུ་རྩལ་སློབ་གྲྭར་ལྷ་མོ་འཁྲབ་སྟངས་སྦྱངས་པ་དང་སྲོལ་རྒྱུན་ལྷ་མོ《སྣང་ས་འོད་འབུམ》ནང་གི་ཕྱག་མཛོད་དང་དེ་བཞིན་མི་སྣ་གཞན་དག་འཁྲབ་མྱོང་ཡོད། ལོ་མང་པོའི་ཉམས་མྱོང་ལས་ཁོང་གིས་ལྷ་མོའི་གར་སྟེགས་འཁྲབ་ཚན་གྱི་སྲོལ་རྒྱུན་གྱི་ལྷ་མོའི་གཏམ་རྒྱུད་རྒྱུན་འཛིན་གྱི་གོ་རིམ་ཁ་གསལ་བ་དང་ཚིག་སྦྱོར་གོ་བདེ་ལ་ནང་དོན་ཟབ་པའི་གལ་ཆེའི་རང་བཞིན་གསལ་པོ་ཤེས་ཀྱི་ཡོད། སྲོལ་རྒྱུན་ལྷ་མོའི་སྒྱུ་རྩལ་གྱི་མཚོན་སྟངས་བརྒྱུད། དེང་རབས་ཅན་གྱི་གར་སྟེགས་གསར་གཏོད་བྱས་ཏེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་པ་ནས་ཕྱུག་པོ་ཆགས་པ་དང་སྟོབས་ཆེན་ཆགས་པའི་བར་གྱི་ལོ་རྒྱུས་ཀྱི་ལམ་བུ་དེ་བས་ཡག་པོ་མཚོན་པ་བྱས་ནས་ཟློས་གར་གྱི་ནང་དོན་དེ་བས་ཡིད་དབང་འགུག་ཤུགས་ལྡན་པའི་རེ་བ་བྱེད་ཀྱི་ཡོད།

    665943_yis_1569777206312_s.jpg

    འདི་ནི《རྒྱལ་དར་ལ་བསྟོད། གངས་ལྗོངས་ཀྱི་བརྩེ་བ》ནང་སྦྱོང་བྱེད་བཞིན་པ།

    《རྒྱལ་དར་ལ་བསྟོད། གངས་ལྗོངས་ཀྱི་བརྩེ་བ》 —— ཐོག་མའི་བསམ་འདུན་མ་བརྗེད་པར་འབྱུང་འགྱུར་མངོན།

    《རྒྱལ་དར་ལ་བསྟོད། གངས་ལྗོངས་ཀྱི་བརྩེ་བ》ཞེས་པའི་བརྗོད་དོན་གཙོ་བོའི་རིག་རྩལ་དགོང་ཚོགས་ཀྱི་སྤྱི་ཁྱབ་འཁྲབ་ཁྲིད་པ་པད་མ་ཚེ་རིང་གིས་ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་རིག་རྩལ་དགོང་ཚོགས་ཀྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་ནས་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་འགོ་ཁྲིད་འོག་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་འཚོ་བའི་ཆེད་དུ་བཀོད་སྒྲིག་བྱས་ཡོད། དགོང་ཚོགས་འདི་གཞས་དང་ཞབས་བྲོ་གཙོ་བོར་བྱས་ཏེ་ཁྱོན་ལེ་ཚན་12ཡོད་པ་དང་། འཁྲབ་སྟོན་དུས་ཡུན་སྐར་མ་70ལྷག་ཙམ་ཡོད་པར་ལེའུ་གསུམ་ལ་དབྱེ་བ་སྟེ། ལེའུ་དང་པོ་ནི་ལོ་རྒྱུས་བརྗོད་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་བྱེད་པ་དང་། ལེའུ་གཉིས་པ་ནི་དེང་གི་བོད་ལྗོངས་དང་དེང་གི་ཀྲུང་གོ ལེའུ་གསུམ་པ་ནི་འབྱུང་འགྱུར་ལ་རྒྱང་ལྟ་བྱས་ནས་མེས་རྒྱས་ལ་བསྟོད་གླུ་འབུལ་བ་བཅས་ཡིན་པ་རེད། དམིགས་བསལ་དུ་བརྗོད་དགོས་པ་ནི་ཞབས་བྲོ《ཇོ་མོ་གླང་མ》ཞེས་པ་འདི་ཡིན་ཞིང་། ང་ཚོའི་འཁྲབ་སྟོན་པས་རི་འཛེགས་ལུས་རྩལ་པ་འཁྲབ་ནས་མཐར‘ཇོ་མོ་གླང་མར’འཛེགས་ཏེ་ཁོང་ཚོས་སྤོབས་པ་ཆེན་པོས་རྒྱལ་དར་སྒྲེང་བ་འདི་ལས་འཛམ་གླིང་ཐོག་གི་ཀྲུང་གོའི་གནས་བབ་མཚོན་གྱི་ཡོད་ཅེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།