[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཕྱག་རྟགས་གཏམ་བརྗོད་ཟློས་གར།

    《སྐྱེ་མི་ཆོག་པའི་མི》ལྷ་སར་ཐོག་མར་འཁྲབ་སྟོན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-28

    ཚེས་24ཉིན་གྱི་དགོང་མོ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཕྱག་རྟགས་གཏམ་བརྗོད་ཟློས་གར《སྐྱེ་མི་ཆོག་པའི་མི》ལྷ་ས་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་ཨང་གཉིས་པར་ཐོག་མར་འཁྲབ་སྟོན་བྱས་པ་རེད།

    ཟློས་གར་གྱི་ནང་དོན་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། ཞིང་བྲན་ཡིན་པའི་དགའ་རོགས་བཀྲ་ཤིས་དང་དབྱངས་ཅན་གཉིས་གཞིས་བདག་བསོད་ནམས་སྒྲོལ་མ་དང་རྣམ་སྲས་རིན་པོ་ཆེའི་བཀག་འགོག་འོག་གཉེན་སྒྲིག་བྱེད་མ་ཐུབ་པས། དབྱངས་ཅན་ལ་འཁོར་བའི་ཕྲུ་གུ་དེ《སྐྱེ་མི་ཆོག་པའི་མིར》གྱུར་བ་རེད། ཕྲུ་གུ་སྐྱེས་རྗེས་མགར་བ་སྐལ་བཟང་བཟའ་ཚོ་གཉིས་པོས་དབྱངས་ཅན་གྱིས་སྐྱེས་པའི་ཕྲུ་གུ་དེ་རང་ཉིད་ཀྱི་ཕྲུ་གུ་ཡིན་ཞེས་བརྗོད་པས་ཕྲུ་གུ་དེ་སྲོག་ཉེན་ལས་ཐར་ཙམ་བྱུང་ཡོད། དེ་རྗེས། དབྱངས་ཅན་ཐབས་ཟད་འུ་ཐུག་གི་གནས་སུ་གྱར་ནས་གཙང་པོའི་ནང་མཆོངས་ཏེ་རང་སྲོག་བཅད་པ་དང་། མགར་བ་སྐལ་བཟང་ཁྱིམ་ནས་བྲོས་བྱོལ་དུ་ཕྱིན། སྐལ་བཟང་གི་ཆུང་མ་ཆོས་སྒྲོན་དེས་རྐྱེན་པས་ཁྲིམས་ཆད་དྲག་པོ་ཕོག་ནས་གྲོངས་པ་རེད། དེ་ནས་བཟུང་། བཀྲ་ཤིས་དང་བུ་མོ་གཉིས་ཕན་ཚུན་རྟག་ཏུ་འཕྲད་ཀྱི་ཡོད་ཀྱང་མཉམ་འཛོམས་ཀྱི་བསྐལ་བ་མེད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས། ཕ་དང་བུ་མོ་གཉིས་པོ་མཉམ་འཛོམས་བྱུང་ཞིང་། བཀྲ་ཤིས་ཀྱི་བུ་མོ་ཉི་མ་ཏང་གི་གསོ་སྐྱོང་འོག་བོད་ལྗོངས་སྤྱི་སློབ(བོད་ལྗོངས་མི་རིགས་སློབ་ཆེན་གྱི་སྔ་མིང)ཀྱི་སློབ་མ་ཞིག་ཏུ་གྱུར་པ་དང་། སློབ་གྲྭ་ཐོན་རྗེས་བོད་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ནང་ཞུགས་པ་མ་ཟད། གངས་ལྗོངས་ས་མཐོའི་ལོ་རྒྱུས་འཕོ་འགྱུར་གྱི་དཔང་པོར་གྱུར།

    འཁྲབ་ཁྲིད་པ་ཆུང་བདག་གིས“ཟློས་གར་དེའི་ཞིབ་ཕྲའི་ནང་དོན་དང་། མི་དང་མིའི་དབར་གྱི་བརྩེ་བ་ཟབ་མོ་ལ་སོགས་སྟངས་སྟབས་མཛེས་པའི་ཞབས་བྲོ་དང་། གློག་འོད་ཀྱི་ཇུས་འགོད། དེ་བཞིན་ངོ་མཚར་ལྡན་པའི་འཁྲབ་སྟོན་བཅས་ལས་བཀྲ་ཤིས་ཁྱིམ་མིའི་ཡ་ང་བའི་གནས་ཚུལ་དང་དུས་རབས་ཀྱི་མི་གསར་ཉི་མའི་དཔང་རྟགས་གང་ལེགསས་མངོན་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་གདུག་རྩུབ་དང་མུན་ནག་ལ་དགག་པ་བརྒྱབ་པ་དང་། དམངས་གཙོའི་བཅོས་སྒྱུར་བྱས་པ་ནི་བོད་ཀྱི་སྤྱི་ཚོགས་དང་བོད་མི་དམངས་ཀྱི་ལྡོག་མེད་ཀྱི་གདམ་ག་དེ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག བོད་མི་དམངས་ལ་ད་གཟོད་འོད་སྟོང་འཕྲོ་བའི་མདུན་ལམ་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད་པ་གསལ་བཤད་ནུས་ལྡན་ཐུབ་ཡོད”ཅེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།