[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • གར་སྟེགས་ཟློས་གར《གྱིམ་ཤིང་ཀོང་ཇོ》ཡིས་ལྟད་མོ་བའི་ཡིད་དབང་འཕྲོག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-07

    微信图片_20190907170201.jpg

    འདི་ནི་གར་སྟེགས་ཟློས་གར《གྱིམ་ཤིང་ཀོང་ཇོ》ཡི་འཁྲབ་ར་ཡིན་པ།

    གར་སྟེགས་ཟློས་གར《གྱིམ་ཤིང་ཀོང་ཇོ》ནི་མི་རིགས་ཀྱི་ཁྱད་ཆོས་རབ་ཏུ་ཕྱུག་པའི་སྒྱུ་རྩལ་ཟློས་གར་ཞིག་ཡིན།  ཟླ་8ཚེས་16ཉིན་ནས་བཟུང་ཚེ་མཆོག་གླིང་གི་གྱིམ་ཤིང་ཀོང་ཇོའི་འཁྲབ་རར་ཡོངས་བསྒྲགས་འཁྲབ་སྟོན་ཐོག་མ་བྱས་པ་ནས་བཟུང 《གྱིམ་ཤིང་ཀོང་ཇོ》ཞེས་པའི་གར་སྟེགས་ཟློས་གར་གྱིས་ལྗོངས་ཕྱི་ནང་གི་ལྟ་མོ་བ་མང་པོའི་ཡིད་དབང་ཕྲོགས་ཏེ་བསྔགས་བརྗོད་ཀྱི་མཐེ་བོང་བསྒྲེངས་ཤིང་། མིག་སྔར་གར་སྟེགས་ཟློས་གར་《གྱིམ་ཤིང་ཀོང་ཇོ》ལ་ཚད་མཐོའི་གདེང་འཇོག་ཐོབ་ཡོད་པས་འཁྲབ་སྟོན་པ་རྣམ་པའི་སེམས་ཤུགས་དགུང་དུ་འཕྱུར་བཞིན་ཡོད།  


    微信图片_20190907170206.jpg

    འདི་ནི་གར་སྟེགས་ཟློས་གར《གྱིམ་ཤིང་ཀོང་ཇོ》འཁྲབ་སྟོན་བྱེད་པའི་སྒང་ཡིན་པ། 

    གར་སྟེགས་ཟློས་གར《གྱིམ་ཤིང་ཀོང་ཇོ》ཡི་ནང་དོན་ནི་སྤྱི་ལོ་710ལོར་གོང་མ་ཐང་ཀྲུང་ཙུང་གི་གསོས་ཕྲུག་གྱིམ་ཤིང་ཀོང་ཇོ་དགུང་ལོ་བཅོ་ལྔར་བོད་དུ་བཙུན་མོར་གདན་དྲངས་པ་དང་། གོང་མས་ཞི་དྲག་དཔོན་རིགས་བརྒྱ་ལྷག་ཙམ་གྱི་སྣེ་འཁྲིད་གནང་སྟེ་ཀོང་ཇོ་ཕེབས་སྐྱེལ་གནང་། དེ་ནས་བོད་ཀྱི་བསུ་མི་འབྲི་ཆུའི་ཕར་འབྱོར་སྐབས་ལྷ་སྲས་འཇང་ཚ་ལྷ་དབོན་གློ་བུར་དུ་སྐུ་གཤེགས་པའི་གཏམ་ངན་ཐོས་པས། ཀོང་ཇོ་དང་། བློན་པོ་ཞབས་འབྲིང་རྣམས་ཐུགས་ཤིན་ཏུ་སྐྱོ་པོ་བྱུང་ཡོད་མོད། འོན་ཀྱང་། གྱིམ་ཤིང་ཀོང་ཇོ་ནི་ཐུགས་ཁོག་ཡངས་ཤིང་རིག་པའི་གནས་ལ་མཆོག་ཏུ་མངའ་བ་ཞིག་ཡིན་པས། བག་མའི་མདུན་མ་ལན་གཅིག་ཟེར་བའི་དཔེ་ལྟར་སྐྱིད་སྡུག་གང་བྱུང་བོད་དུ་འགྲོ་ཞེས་གསུངས་པ་དང་། མཐར་ཡབ་མེས་ཨག་ཚོམ་གྱི་བཙུན་མོར་མངའ་གསོལ། ཁོང་གིས་རྒྱ་ནག་གི་རྩིས་དང་སྨན་གཞུང་སོགས་བོད་དུ་བསྣམས་ཕེབས་པ་དང་། བོད་དུ་བཞུགས་རིང་ཁོང་གིས་བོད་ཀྱི་རིག་གནས་དང་། དཔལ་འབྱོར་སོགས་འཕེལ་རྒྱས་བཏང་སྟེ་བོད་མི་དམངས་ལ་བདེ་དོན་བསྒྲུབས་པའི་སྐོར་ཡིན། 


    微信图片_20190907170209.jpg

    འདི་ནི་གར་སྟེགས་ཟློས་གར《གྱིམ་ཤིང་ཀོང་ཇོ》འཁྲབ་སྟོན་བྱེད་པའི་སྒང་ཡིན་པ། 

    ཤེས་རྟོགས་བྱུང་བར་གཞིགས་ན། གར་སྟེགས་འཁྲབ་གཞུང《གྱིམ་ཤིང་ཀོང་ཇོ》ནི་བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱིས་གཙོ་གནད་ཐོག་གཏོད་པའི་རིག་གནས་ཡུལ་སྐོར་རྣམ་གྲངས་ཤིག་ཡིན་པ་དང་། དེ་ནི་བོད་ཀྱིས་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་གཏོད་པ་དང་། ལྷ་ས་གྲོང་ཁྱེར་གྱིས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། བོད་ཀྱི་རིག་གནས་ཀྱི་ཁྱད་འཕགས་རིན་ཐང་དང་དོན་སྙིང་གང་ལེགས་མངོན་པ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་རེད། ཀུན་གྱིས་ཤེས་གསལ་ལྟར། གར་སྟེགས་འཁྲབ་གཞུང《གྱིམ་ཤིང་ཀོང་ཇོ》འདིས་བོད་ཀྱི་རིག་གནས་ཐོན་ལས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད་པ་མིག་ལྡན་ཀུན་གྱི་མཐོང་ཆོས་སུ་གྱུར་ཡོད།  (གསར་འགོད་པ། ཉི་མ་ཚེ་རིང་། བསོད་ནམས་དབང་འདུས)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།