[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • ལྷ་ས་བཀྲ་ཤིས་ཁྲ་རིང་ཀུང་སི་དང་དེའི་ལས་གཏོད་ཚོགས་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-16

    651559_yis_1565588653800.jpg

    ཀུང་སིའི་ཇུས་འགོད་པ་ཚེ་བློ(གཡོན)དང་སྐལ་བཟང་ཟླ་བས་སྲོང་བཙན་སྒམ་པོས་ཝུན་ཤིང་ཀོང་ཇོ་བག་མར་བསུ་བའི་རི་མོར་གྲོས་བསྡུར་བྱེད་བཞིན་པ།

    651563_yis_1565588655350.jpg

    ཀུང་སིས་ཇུས་འགོད་བྱས་པའི་Qཔར་གཞིའི་སྲོང་བཙན་སྒམ་པོ་དང་ཝུན་ཤིང་ཀོང་ཇོ་ཡིན་པ།

    651554_yis_1565588651920.jpg

     ཀུང་སིས་ཇུས་འགོད་བྱས་པའི“ལྷ་མོའི་འཁྲབ་གཞུང་པད་མ་འོད་འབར”ཡིན་པ།

    651553_yis_1565588651710.jpg

    ཀུང་སིས་ཇུས་འགོད་བྱས་པའི་བོད་ཀྱི་ས་གནས་ཁག་གི་མི་ཡིན་པ།

    651557_yis_1565588653230.jpg

    ཀུང་སིས་ཇུས་འགོད་བྱས་པའི་ཉིང་ཁྲིའི་རྔོན་པ་ཡིན་པ།

    651564_yis_1565588655800.jpg

    ཀུང་སིས་ཇུས་འགོད་བྱས་པའི་ལྷ་ས་དང་ཆབ་མདོའི་མི་སྣའི་རབ་བཏགས་རི་མོ་ཡིན་པ།

    651562_yis_1565588654890.jpg

    ཀུང་སིས་ཇུས་འགོད་བྱས་པའི“སྲོལ་རྒྱུན་+དར་སྲོལ”གྱི་ཁམས་པའི་ཕོ་རྒོད་ཡིན་པ།

    651556_yis_1565588652630.jpg

    “མཐུན་པ་སྤུན་བཞིའི”པར་གཞི་གསར་པ་ཡིན་པ།

    651561_yis_1565588654400.jpg

    ཀུང་སིས་ཇུས་འགོད་བྱས་པའི་བུ་ནོར་བུའི་སྔས་མགོ་ཡིན་པ།

    651558_yis_1565588653490.jpg

     ཀུང་སིའི་བརྩམས་ཆོས་ལ་བྱ་དགའ་ཐོབ་པ།

    651560_yis_1565588654160.jpg

    ཀུང་སིས་ཇུས་འགོད་བྱས་པའི་ལྷ་སའི་བུ་ཡིན་པ།

    651555_yis_1565588652240.jpg

    བུ་ནོར་བུའི་འོག་འཇུག་ཕུ་མེད་ཡིན་པ།

    རྒྱ་ཆེའི་གཞོན་ནུ་ཚོས་སྲོལ་རྒྱུན་རིག་གནས་ལ་དགའ་ཞེན་བྱེད་པར་ལྕག་སྐུལ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད། ལྷ་ས་བཀྲ་ཤིས་ཁྲ་རིང་རིག་གནས་བསམ་བཀོད་ཚད་ཡོད་ཀུང་སིའི(གཤམ་དུ་བཀྲ་ཤིས་ཁྲ་རིང་ཀུང་སི་ཞེས་འབོད་རྒྱུ)འགན་འཁུར་བས། སློབ་ཆེན་ལས་གཏོད་པ་དང་མཉམ་དུ་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་རབས་ཀྱི་དར་སྲོལ་གསར་པ་ཟུང་འབྲེལ་དམ་ཟབ་བྱས་ནས། རབ་བཏགས་རི་མོ་དང་སྲང་ལམ་ཡིག་རིས་སོགས་རྣམ་པ་སྤྱད་དེ། སྲོལ་རྒྱུན་རིག་གནས་ལ་མངའ་བའི་མཚོན་དོན་མངོན་པར་བྱས་ནས། སྲོལ་རྒྱུན་རིག་གནས་གཞོན་ནུ་ཚོས་དར་སྲོལ་འཚོལ་སྙེག་བྱེད་པའི་ཆ་ཤས་ཤིག་ཏུ་འགྱུར་བར་སྐུལ་འདེད་གཏོང་བཞིན་ཡོད། 

    མིག་སྔར། བཀྲ་ཤིས་ཁྲ་རིང་ཀུང་སིས“ལྷ་མོའི་འཁྲབ་གཞུང་བརྒྱད”ཀྱི་འཁྲབ་གཞུང་དྲུག་གི་རབ་བཏགས་རི་མོ་དང་ཡི་གེ་ནས་ཀུང་སིའི་སྐད་འཕྲིན་སྤྱི་སྟེགས་སུ་སྤེལ་ཏེ། སྐྱེ་བོ་ཀུན་ལ་རིན་དོད་མི་དགོས་པར་ལྟ་རུ་བཅུག་པ་དང་ལྷ་མོའི་འཁྲབ་གཞུང་གཞན་གཉིས་པོ་འདི་ལོའི་ཞོ་སྟོན་གྱི་སྔ་སྣུབ་ཏུ་འདོན་རྒྱུ་རེད། “‘ལྷ་མོའི་འཁྲབ་གཞུང་བརྒྱད’ཀྱི་རབ་བཏགས་རི་མོ་འཁོད་རྗེས་རྒྱ་ཆེའི་གཞོན་ནུ་དང་གྲོགས་པོ་ཆུང་ཆུང་ཚོའི་དགའ་བསུ་ཐོབ་པ་དང་སྦྲགས། ང་ཚོར‘རྔན་པ’བསྐུར་ནས་ལྕག་སྐུལ་བྱས་བྱུང་། ང་ཚོས‘རྔན་པ’དེ་དག་ཚང་མ་སྤྱི་ཕན་བྱ་གཞག་ལ་གཏོང་གི་ཡིན”ཞེས་ཐའེ་ཡོན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་ཆེན་ནས་ཐོན་པའི་བཀྲ་ཤིས་ཁྲ་རིང་ཀུང་སིའི་ཇུས་འགོད་པ་ཚེ་བློས་ངོ་སྤྲོད་བྱས།

    2018ལོའི་ཟླ་11པར་བཀྲ་ཤིས་ཁྲ་རིང་ཀུང་སི་བཙུགས་པ་དང་། རྒྱ་ཁྱོན་ལ་སྨི་ངོས་གྲུ་300ལྷག་ཙམ་ཡོད་པའི་འགྲེམས་སྟོན་ཁང་དང་སྨི་ངོས་གྲུ་40ལྷག་ཙམ་ཡོད་པའི་གཞུང་ལས་ཁང་དང་དེ་བཞིན་སྨི་ངོས་གྲུ་20ལྷག་ཙམ་གྱི་ལས་ཤག་ཡོད། ཀུང་སིའི་ཁོངས་མི་ནི་སྤྱི་ཁྱབ་ཅིང་ལི་དང་ལས་གཏོད་སློབ་སྟོན་པ་གཅིག་ལྕོགས་བློ་བཟང་ཆོས་འཕེལ་དང་། བོད་ཀྱི་སྲོལ་རྒྱུན་བཟོ་རྩལ་དགེ་རྒན་ཆེ་མོ་བ་ཐུབ་བསྟན་ཆོས་གྲགས་དང་ཁོང་གི་སློབ་མ་ཀརྨ། དེ་བཞིན་སློབ་ཆེན་ལས་གཏོད་པ་གཉིས་ལས་གྲུབ་ཡོད། ཀུང་སིས་གཙོ་བོ་སྲོལ་རྒྱུན་རིག་གནས་སྤེལ་རེས་བྱེད་སྒོ་སོགས་ལ་གཞོལ་བའི་ནང་བོད་ཀྱི་ཕོ་བྲང་གི་སྲོལ་རྒྱུན་འབག་བཟོ་བ་དང་འགྲེམས་སྟོན་དང་། ཐང་ག་འབྲི་བཞེངས། རིག་དངོས་ཉམས་བཟོ། ལྡེབས་རིས་ཉམས་བཟོ་སོགས་ཚུད་ཡོད། སྲོལ་རྒྱུན་བཟོ་རྩལ་དང་དེང་རབས་སྒྱུ་རྩལ་ཡོངས་སུ་ཟུང་འབྲེལ་ཐུབ་ཆེད། ཀུང་སིས་དེང་རབས་བར་འཇུག་རི་མོའི་སྒྱུ་རྩལ་དང་ངོས་སྙོམས་ཇུས་འགོད་ཚོགས་པ་བཙུགས་ཏེ། སྲོལ་རྒྱུན་དང་དེང་རབས་ཟུང་དུ་འབྲེལ་བའི་ངོས་སྙོམས་ཇུས་འགོད་དང་། བར་འཇུག་རི་མོ། བརྡ་ཁྱབ་ཇུས་འགོད་སོགས་ལས་སྒོ་འགན་གཙང་ལེན་གྱི་ཡོད། སྲོལ་རྒྱུན་སྒྱུ་རྩལ་གྱི་སྙིང་བཅུད་བསྡུ་ལེན་གང་ལེགས་བྱེད་ཆེད། ཀུང་སིས་ཆེད་མངགས་བོད་ཀྱི་སྲོལ་རྒྱུན་བཟོ་རྩལ་དགེ་རྒན་ཆེ་མོ་བ་ཐུབ་བསྟན་ཆོས་གྲགས་ཀུང་སིའི་ཇུས་འགོད་སྤྱི་ཁྱབ་ལྟ་སྐུལ་བར་གདན་ཞུ་བྱས་པ་རེད།

    བཀྲ་ཤིས་ཁྲ་རིང་ཀུང་སིའི་ངོས་སྙོམས་ཇུས་འགོད་པ་ཚེ་བློ་དང་སྐལ་བཟང་ཟླ་བ་གཉིས་ཀྱིས་དེང་རབས་རི་མོ་འབྲི་སྲོལ་ལ་བརྟེན་ནས་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་མཚོན་པར་བརྩོན་ཞིབ་ཡུན་རིང་བྱས། ཚེ་བློས“《ཀྲུང་གོར་ཤིས་ཧ་ཡོད》དང《འདི་ནི་སྲང་ལམ་ཞབས་བྲོ་རེད》སོགས་ལེ་ཚན་དར་སྲོལ་ཆེན་པོ་བྱས་པ་ལས་སྲང་ལམ་རིག་གནས་མི་རྣམས་ཀྱི་མིག་ལམ་དུ་སླར་ཡང་མངོན་པ་དང་། བོད་ཀྱི་སྲང་ལམ་རིག་གནས་ལའང་གཞོན་ནུ་ཚོའི་དགའ་ཞེན་ཇེ་ཆེར་ཕྱིན་ཡོད། བཀྲ་ཤིས་ཁྲ་རིང་ཀུང་སིར་ཞུགས་ནས་ཇུས་འགོད་པ་ཆགས་རྗེས། ང་ཚོས་སྲོལ་རྒྱུན་རིག་གནས་དང་དེང་རབས་སྒྱུ་རྩལ་ཟུང་འབྲེལ་དམ་ཟབ་ཇི་ལྟར་བྱེད་དགོས་མིན་ལ་བསམ་བློ་གཏོང་གི་ཡོད། ད་ཆ། ལྷ་སར་སྲང་ལམ་རིག་གནས་ལ་དགའ་པོ་བྱེད་མཁན་གཞོན་ནུ་ཧ་ཅང་མང་པོ་ཡོད་པ་དང་། ཁོ་ཚོས་ཡོ་རོབ་དང་ཨ་རིའི་སྲང་ལམ་ཡིག་རིས་འབྲི་སྲོལ་ལ་བོད་ཀྱི་རིག་གནས་ཀྱི་ནང་དོན་བཅུག་ནས། དར་སྲོལ་གསར་པ་ཞིག་བཏོད་ཡོད། གསར་གཏོད་བྱེད་སྟངས་འདི་རིགས་དེང་དུས་ཀྱི་གཞོན་ནུ་དང་འཛད་སྤྱོད་ཁྲོམ་རས་དང་ལེན་གང་མགྱོགས་བྱེད་པའི་ཡིད་ཆེས་ཡོད”ཅེས་བརྗོད།

    “ཨ་མ་མ……ཕོར་པ་འདི་སྙིང་རྗེ་བ་ལ། ངའི་ཕྲུ་གུ་གཉིས་ལ་རེ་རེ་ཉོ་ཡི་ཡིན། ངའི་ནང་གི་བུ་ལ་བོད་ཆས་སྤྲས་པ་དང་མགོ་ལ་ཚེ་རིང་སྐྱིན་ཁེབས་གྱོན་པའི་ལྷ་སའི་བུའི་རི་མོ་བརྒྱབ་པའི་ཕོར་པ་དེ་དང་བུ་མོར་ལྷ་སའི་བུ་མོ་དང་། ཁམས་པའི་བུ་མོ། ཁམས་པའི་ཕོ་རྒོད་སོཌ་ཀྱི་རི་མོ་བརྒྱབ་པའི་ཕོར་པ་དེ་ཉོ་ཡི་ཡིན། ཁམས་པའི་ཕོ་རྒོད་ཀྱི་གསེར་སོ་ལས་འཚོ་བ་དངོས་ཀྱི་མི་སྣའི་གཟུཌ་བརྙན་གསོན་པོ་མཚོན་གྱི་འདུག དཔེ་རང་གི་ཡག་པོ་འདུག ཞོ་སྟོན་གོང་ལ་བོད་མི་རིཌ་ཀྱི་ཁཱ་ཐུང་མི་སྣ་བརྒྱབ་པའི་འོག་འཇུག་ཕུ་མེད་ཁྲོམ་རར་བཏོན་རྗེས། ང་ཚོ་ནང་མི་ཚང་མར་ཆ་ཚང་རེ་ཉོ་ཡི་ཡིན”ཞེས་དར་སྲོལ་ལ་ཤིན་ཏུ་དགའ་བའི་གཡང་གཡང་གིས་བརྗོད།

    ཁྲུང་ཆིང་སློབ་ཆེན་ཁྲོམ་རའི་ཚོང་གཉེར་དང་ལེབ་ངོས་ཇུས་འགོད་ཆེད་ལས་ནས་ཐོན་པའི་སྐལ་བཟང་ཟླ་བ་སློབ་གྲྭ་ཐོན་རྗེས་བཀྲ་ཤིས་ཁྲ་རིང་ཀུང་སིར་ཞུགས་པ་དང་། ཁོང་གིས་ཕུགས་བསམ་དང་དོན་གཉེར་གཅིག་པའི་རོགས་ཟླ་དང་མཉམ་དུ་ཕུགས་བསམ་དོན་གཉེར་དང་། མི་ཚེའི་རིན་ཐང་མངོན་འགྱུར། མི་རིགས་རིག་གནས་དར་སྤེལ་བཅས་བྱ་རྒྱུ་ནི་ཧ་ཅང་བདེ་སྐྱིད་ལྡན་པའི་བྱ་བ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་འདུག 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།