[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • ཀྲུང་གོའི་ཟློས་གར་མཐུན་ཚོཌ་ཀྱི་དཔྱིད་འགོའི་མེ་ཏོག་བྱ་དགའ་སྒྱུ་རྩལ་ཚོཌ་པས་ལྷ་སར་འཚམས་འདྲིའི་འཁྲབ་སྟོན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-16

    ཉིན་ཤས་གོང་དུ། རང་སྐྱོང་ལྗོངས་ལྷ་མོའི་སྒྱུ་རྩལ་ལྟེ་གནས་སུ་ཀྲུང་གོའི་ཟློས་གར་མཐུན་ཚོགས་དཔྱིད་འགོའི་མེ་ཏོག་བྱ་དགའ་སྒྱུ་རྩལ་ཚོགས་པའི་བོད་སྐྱོད་སྒྱུ་རྩལ་ཚོགས་པས“གཞི་རིམ་དུ་སྤྲོ་སྐྱིད་སྦྱིན་པའི”འཚམས་འདྲིའི་འཁྲབ་སྟོན་བྱས་པ་རེད།

    ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོའི་ཟློས་གར་མཁས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི། རྒྱལ་ཡོངས་དཔྱིད་འགོའི་མེ་ཏོག་བྱ་དགའ་ཐོབ་མྱོང་མཁན་ཕུའུ་ཚུན་ཤིན་གྱིས་སྣེ་ཁྲིད་པའི་རྒྱལ་ཡོངས་ཀྱི་དཔྱིད་འགོའི་མེ་ཏོག་བྱ་དགའ་ཐོབ་མཁན་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་དང་སྒྱུ་རྩལ་པ12ཀྱིས་གྲུབ་པའི་ཀྲུང་གོའི་ཟློས་གར་མཐུན་ཚོགས་ཀྱི་དཔྱིད་འགོའི་མེ་ཏོག་སྒྱུ་རྩལ་ཚོགས་པའི་བོད་སྐྱོད་སྒྱུ་རྩལ་ཚོགས་པས་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་འཁྲབ་སྟོན་པ་རྣམས་དང་མཉམ་དུ་རང་ལྗོངས་ཀྱི་ལྟད་མོ་བ་རྣམས་ལ་ཁྲང་ཞི་དང་ཡུའི་ཅུས་སོགས་ཀྱི་ཟློས་གར་བརྩམས་ཆོས་རྩེ་གྲ་དང་། དེ་བཞིན་ལྟད་མོ་བས་དགའ་པོ་བྱེད་པའི་ལྷ་མོ《རྒྱ་ལུའི་རྣམ་ཐར》དང《བཀྲ་ཤིས་ཞོལ་པ》 གསར་དུ་རྩོམ་སྒྲིག་བྱས་པའི་ཁྲང་ཞིའི་ལྷ་མོ《རྒྱ་བཟའ་ཀོང་ཇོའི》འཁྲབ་ཚན་དུམ་བུ་སོགས་འཁྲབ་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།