[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • སྤེན་པ་སངས་རྒྱས།

    ཚེམ་བུ་བ་རྒན་གྲས་ཤིག་གི་རྒྱུན་འཛིན་དང་གསར་གཏོད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-28

    635900_yis_1561440890388_s.jpg

    འདི་ནི་ལོ་53ལ་སླེབས་པའི་ཚེ་རིང་གིས་སྤེན་པ་སངས་རྒྱས་ཀྱི་འཁྲིས་ནས་ཚེམ་བུ་ལོ་གཅིག་ལས་སྦྱོང་མྱོང་མེད་ཀྱང་། རང་རྐྱ་འཕེར་བའི་བོད་ཆས་འཚེམ་ཐུབ་པ།

    ལོ་40ཡན་ལ་སླེབས་པའི་སྤེན་པ་སངས་རྒྱས་ཀྱིས་ད་བར་དུ་ཚེམ་བཟོའི་ལས་ཀ་མཚམས་འཇོག་མྱོང་མེད།

    2016ལོའི་ལོ་མཇུག་ཏུ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པ་བརྒྱུད། སྤེན་པ་སངས་རྒྱས་ཤེལ་གྲོང་གྲོང་ཚོ་ནས་ཚལ་སྣེ་ཤང་གི་དུས་བཞི་བཀྲ་ཤིས་གྲོང་ཚོར་སྤོས་པ་རེད། དེ་གར་སླེབས་ནས་ཡུད་ཙམ་ཞིག་ལ་ལོ་གཉིས་ལྷག་ཙམ་སོང་ཞིང་། དགེ་ཕྲུག་གསུམ་ཡོད་པའི་ཚེམ་བུའི་དགེ་རྒན་ཞིག་གི་ངོས་ནས་དགེ་ཕྲུག་ལ་ལའི་ལོ་ཚོད་ཁོང་ལས་ཆེ་ནའང་། ཚེམ་བཟོའི་ཆ་ནས་ཁོང་ལ་ལོ་18ལྷག་གི་ཉམས་མྱོང་ལྡན་པས་ཚེམ་བཟོའི་ལས་ལ་ཧ་ཅང་འཇོན།

    སྤེན་པ་སངས་རྒྱས་ཀྱི་ཚེམ་བཟོའི་ལག་ཤེས་ནི་སྤོ་བོ་དང་ཨ་ཕ་ནས་རྒྱུན་འཛིན་བྱས་ཤིང་། ཕ་མེས་དང་མི་འདྲ་བ་ཞིག་ལ། ཁོང་གི་ཚེམ་བཟོའི་ལག་ཤེས་ལ་འགྱུར་ལྡོག་དེ་བས་མང་བོ་བྱུང་ཡོད་པ་རེད།

    635898_yis_1561440889733_s.jpg

    འདི་ནི་དགེ་རྒན་དང་དགེ་ཕྲུག་གཉིས་པོས་བཙེམས་ཟིན་པའི་བོད་ཆས་ལ་ལྟེབ་རྩིག་རྒྱག་བཞིན་པ།

    རང་གི་ཕ་མེས་ཀྱིས་རང་གྲོང་ཚོ་ནས་ཐགས་པའི“སྣམ་བུའི་གོས”འཚེམ་པ་དང་མི་འདྲ་བར་སྤེན་པ་སངས་རྒྱས་ཀྱི་གྱོན་ཆས་འཚེམ་པའི་རྒྱུ་ཆ་དེ་བས་སྣ་ཁ་མང་པོ་ཡོད། “སྣམ་བུ”དང་། དར་གོས། ཀོ་བ་སོགས་ཕུད། ད་དུང་ཁོང་གིས་ཚི་སྣའི་རས་ཆ་སྣ་ཚོགས་སྤྱད་དེ་གྱོན་ཆས་བཟོ་གི་ཡོད་ལ། རྒྱུན་དུ་ཁྲེང་ཏུའུ་རུ་ཚོང་ཟོག་འཐེན་པར་ཡང་འགྲོ་ཡི་ཡོད། ཡིན་ཡང་རྒྱ་སྐད་ཡག་པོ་མི་ཤེས་པས། ཁོང་གིས་རྟག་ཏུ་རྒྱ་སྐད་ཤེས་པའི་རོགས་པ་རེ་འཁྲིད་ཀྱི་ཡོད།

    635895_yis_1561440888781_s.jpg

    འདི་ནི་འཛད་སྤྱོད་པས་སྤེན་པ་སངས་རྒྱས་ཀྱི་ཚལ་སྣེ་ཤང་གི་གྱོན་ཆས་ཚོང་ཁང་ནས་གྱོན་ཆས་ཉོ་བཞིན་པ།

    ད་ཆའི་སྲོལ་རྒྱུན་གྱི་བོད་ཆས་ལ་ཞེང་ཁ་ཆེན་པོ་ཡོད་པ་ཕུད། ཕུ་ཐུང་རིང་པོ་དེ་ཙམ་མེད། མཛེས་དཔྱད་ཀྱི་ལྟ་བར་རིམ་བཞིན་འགྱུར་ལྡོག་ཕྱིན་པ་དང་བསྟུན་ནས་བོད་ཆས་འཚེམ་སྟངས་ལའང་རིམ་བཞིན་འགྱུར་ལྡོག་འགྲོ་བཞིན་ཡོད་ཅིང་། སྤེན་པ་སངས་རྒྱས་ཀྱིས་བོད་ཆས་ཀྱི་གོང་བའི་ནང་ངོས་ཀྱི་གོས་ཆེན་ལ་མཛུབ་མོ་འཛུགས་བཞིན“བཟོ་ལྟ་འདིའི་རིགས་ནི་ལོ་ལྔའི་གོང་ནས་བཟུང་དར་སོ་ཧ་ཅང་ཆེ”ཞེས་བརྗོད།

    635898_yis_1561440889733_s.jpg

    འདི་ནི་སྤེན་པ་སངས་རྒྱས་ཀྱིས་དགེ་ཕྲུག་ལ་རང་ཉིད་ཀྱི་གྱོན་ཆས་འཚེམ་པའི་ཉམས་མྱོང་སློབ་བཞིན་པ།

    གསར་གཏོད་ཀྱི་སྐོར་གླེང་སྐབས། སྤེན་པ་སངས་རྒྱས་ལ་སྐད་ཆ་རྫོགས་རྒྱུ་མེད་པ་ཤོད་རྒྱུ་ཡོད་ཅིང་། ཁོང་གིས་གྱོན་ཆས་ཚོང་ཁང་དུ་བཀལ་བའི་སློབ་གོས་ལ་མཛུབ་མོ་འཛུགས་བཞིན། གསར་འགོད་པ་དང་སྐད་སྒྱུར་བྱེད་མཁན་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིར། འདི་ནི་ཚལ་སྣེ་ཤང་སློབ་ཆུང་གི་དགུན་དུས་ཀྱི་སློབ་གོས་རེད། རས་ནི་ཁྲེང་ཏུའུ་ནས་ཉོས་པ་དང་། སློབ་གོས་འདིའི་ཁྱད་ཆོས་ཆེ་ཤོས་ནི་བྲང་ཁོག་དང་གོང་བའི་ངོས་སུ་བོད་མི་རིགས་ཀྱི་སྲོལ་རྒྱུན་ཁྱད་ཆོས་ལྡན་པའི་མཛེས་རྒྱན་བསྣན་པས་མི་ཚོས་ལྟ་དུས་མིག་ལ་ཧ་ཅང་མཛེས་ཞེས་ངོ་སྤྲོད་བྱས་བྱུང།

    635896_yis_1561440889109_s.jpg

    འདི་ནི་སྤེན་པ་སངས་རྒྱས་ཀྱིས་བོད་རིག་གནས་ཀྱི་གཞི་རྒྱུ་བསྣན་པའི་སློབ་གོས་ངོ་སྤྲོད་བྱེད་བཞིན་པ།

    ཁོང་གིས་ཡང་བསྐྱར་རས་ཁུག་གཅིག་ཁྱེར་ཡོང་ནས། འདི་ནི་ལྟོ་སྣོད་ཀྱི་ཤུབས་རེད། བོད་རིགས་ཁྱིམ་ཚང་གིས་གླིང་ཁ་གཏོང་སྐབས་བྱེ་རིལ་དང་། ཤིང་ཏོག་སྐམ་པོ། ཚགས་ཤ་སྐམ་པོ་སོགས་འཁྱེར་དགོས་པས་དེ་དག་ལྟོ་སྣོད་དུ་བླུག་དགོས། དེར་བརྟེན་ལྟོ་སྣོད་ཀྱི་ཤུབས་འདི་ལག་ཏུ་འཛིན་པའམ་ཡང་ན་རྒྱབ་ཏུ་འཁུར་བ་གང་རུང་བྱ་ཆོག་པས་ཧ་ཅང་སྟབས་བདེ་པོ་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

    635897_yis_1561440889405_s.jpg

     འདི་ནི་སྤེན་པ་སངས་རྒྱས་ཀྱིས་འཁྱེར་བདེའི་ལྟོ་སྣོད་ཀྱི་ཤུབས་ངོ་སྤྲོད་བྱེད་བཞིན་པ།

    ད་ཆ་སྤེན་པ་སངས་རྒྱས་ཀྱིས་གཙོ་བོ་སྲོལ་རྒྱུན་གྱི་གྱོན་ཆས་འཚེམ་པ་དང་སྡེབ་ཚོང་བྱེད་ཀྱི་ཡོད་ལ། ཁང་པའི་དབུས་སུ་སྟོད་གོས་མང་པོ་བརྩེགས་ཡོད་པ་དང་། དེ་དག་ལས་སྟོད་གོས་70ལྷག་ཙམ་ནི་ལྷ་ས་སྦྲ་ནག་ཞོལ་སྡེ་ཁུལ་གྱི་གྱོན་གོས་ཚོང་ཁང་ཞིག་ཏུ་སྡེབ་ཚོང་དང་སིལ་ཚོང་བྱེད་པར་བསྐྱལ་རྒྱུ་རེད།

    635902_yis_1561440890996_s.jpg

    འདི་ནི་དུས་བཞི་བཀྲ་ཤིས་གྲོང་ཚོའི་གྱོན་གོས་འཚེམ་ཁང་དུ་སྤེན་པ་སངས་རྒྱས་ཀྱི་དགེ་ཕྲུག་བསོད་ནམས་ཚེ་རིང་གིས་མཐའ་ཆགས་འཚེམ་བཞིན་པ།

    ལྷ་ས་ནི་སྲོལ་རྒྱུན་དང་དེང་རབས་མཉམ་གནས་ཀྱི་གྲོང་ཁྱེར་ཞིག་ཡིན་ཞིང་། སྤེན་པ་སངས་རྒྱས་ཀྱིས་སྲོལ་རྒྱུན་གྱི་རྨང་གཞིའི་ཐོག་གསར་གཏོད་བྱེད་ཀྱི་ཡོད་ལ། དེ་འདྲའི་གསར་གཏོད་ཀྱི་གཏམ་རྒྱུད་ལྷ་སའི་ཕྱོགས་བཞི་མཚམས་བརྒྱད་ཀུན་ཏུ་ཧ་ཅང་མང་། 

    635901_yis_1561440890669_s.jpg

     འདི་ནི་སྤེན་པ་སངས་རྒྱས་ཀྱིས་དགེ་ཕྲུག་དང་མཉམ་དུ་བོད་ཆས་འཚེམ་བཞིན་ཡོད་པ་དང་། བོད་ཆས་འདི་དག་ལྷ་ས་གྲོང་ཁུལ་སྦྲ་ནག་ཞོལ་སྡེ་ཁུལ་གྱི་བོད་ཆས་ཚོང་ཁང་ཞིག་ཏུ་འཚོང་བར་བསྐྱལ་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།