[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • ལྷོ་ཁ་གྲོང་ཁྱེར་གྱིས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-19

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། རིག་གནས་དམངས་ཕན་འདུ་འགོད་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་པས། འཚོ་བའི་ཁྲོད་རིག་གནས་ཁྱབ་པ་དང་རིག་གནས་འཕེལ་རྒྱས་ཀྱི་ཡིད་དབང་འཕྲོག་ཤུགས་མང་ཚོགས་ཚོས་ཚོར་ཐུབ་པ་བྱུང་ཡོད།

    གྲོང་ཁྱེར་དང་གྲོང་གསེབ་ཚང་མར་རིག་གནས་བྱེད་སྒོ་སྤེལ་ས་ཡོད་པ།

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས《སྤྱི་པའི་རིག་གནས་སྒྲིག་གཞིའི་ཁྲིམས་མིའི་བཅོས་སྐྱོང་གྲུབ་ཆའི་སྒྱུར་བཅོས་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལྷོ་ཁ་གྲོང་ཁྱེར་གྱི་སྤྱིའི་ཇུས་གཞི》བཟོས་པ་དང་འབྲེལ། གྲོང་ཁྱེར་དཔེ་མཛོད་ཁང་དང་གྲ་ནང་རྫོང་དང་སྣ་དཀར་རྩེ་རྫོང་གི་ཕྱོགས་བསྡུས་རིག་གནས་བྱེད་སྒོ་ལྟེ་གནས་སུ་ཚོད་ལྟའི་ལས་དོན་སྤེལ་ནས་ལས་འཛིན་ལྷན་ཚོགས་ཀྱིས་གཙོ་བོ་བྱེད་པའི་ཁྲིམས་མིའི་བཅོས་སྐྱོང་གྲུབ་ཆ་འཚོལ་ཞིབ་བྱས་ནས་བཙུགས་པ་རེད། གཞི་རིམ་དུ་སྤྱི་པའི་གྲངས་འཛིན་རིག་གནས་ཁྱབ་སྤེལ་དང་། གྲངས་འཛིན་དཔེ་མཛོད་ཁང་། གྲངས་འཛིན་རིག་གནས་ཁང་བཅས་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱས་ཡོད། གྲོང་ཁྱེར་དང་རྫོང་རིམ་གཉིས་དཔེ་མཛོད་ཁང་གི་དཔེ་དེབ་གཡར་སྤྲོད་ལས་དོན་སྤེལ་འགོ་ཚུགས་ནས་སྤྱི་པའི་དཔེ་མཛོད་ཁང་གི་ཞབས་ཞུ་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་བཏང་ཡོད། ཞིང་པའི་དཔེ་དེབ་ཁང་550རུ་དཔེ་དེབ་ཁྲི་4.3བཀོད་སྒྲིག་གི་ལས་དོན་ལེགས་གྲུབ་ཟིན་ནས་གཞི་རིམ་མང་ཚོགས་ཀྱི་དཔེ་ཀློག་དགོས་མཁོ་སྔར་བས་འགན་ལེན་བྱུང་བ་རེད།

    “དེ་སྔ་འདི་གར་སྤེལ་བའི་འགྲེམས་སྟོན་ཉུང་ཉུང་རེད། ད་ཆ་བྱེད་སྒོ་སྤེལ་མང་དུ་ཕྱིན་འདུག་ལ་ནང་དོན་ཡང་ཕུན་སུམ་ཚོགས་སུ་ཕྱིན་འདུག འདི་འདྲ་དེ་སྔོན་མཐོང་མྱོང་མེད། ད་ཆ་ལྷོ་ཁ་གྲོང་ཁྱེར་གྱི་མང་ཚོགས་སྒྱུ་རྩལ་ཁང་གཉེར་སྐྱོང་ཧ་ཅང་ལེགས་པོ་འདུག་པས་རྗེས་སུ་སྔར་བས་ཇེ་ལེགས་སུ་འགྲོ་རྒྱུའི་རེ་བ་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་སློབ་ཆུང་དང་པོའི་ལོ་རིམ་ལྔ་པའི་སློབ་མ་བཀྲ་ཤིས་ཉི་མས་བཤད།

    རིག་གནས་བྱེད་སྒོ་སྣ་མང་ཕུན་སུམ་ཚོགས་པ།

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་སྐྱིད་གསུམ་སྡེ་ཁུལ་གྲོང་ལྷན་དུ་མིས་ཁེངས་ནས་འཁྲུག་ཆ་ཧ་ཅང་དོད་ཅིང་། སྡེ་ཁུལ་དེའི་མང་ཚོགས་300ལྷག་ཙམ་གྱིས་མཚོ་སྣ་རྫོང་གི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ངོ་མཚར་ཆེ་བའི་འཁྲབ་སྟོན་ལྟ་བཞིན་ཡོད་པ་རེད། “ཁོང་ཚོ་རྒྱུན་དུ་འདིར་འཁྲབ་སྟོན་བྱེད་པར་ཡོང་གི་འདུག དེའི་ནང་རྫོང་གི་སྒྱུ་རྩལ་ཚོགས་པ་འདུག་ལ་གྲོང་ཁྱེར་གྱི་སྒྱུ་རྩལ་ཚོགས་པ་ཡང་འདུག བོད་ཀྱི་ལོ་གསར་མ་ཤར་གོང་དང་ལོ་གསར་བཏང་རྗེས་ནི་ཞིང་འབྲོག་མང་ཚོགས་རྣམས་དགའ་ཚོར་ཆེ་ཤོས་ཀྱི་དུས་རེད། གཤམ་སྤེལ་ལྔའི་བྱེད་སྒོས་གཞི་རིམ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་ཁར་ད་དུང་མང་ཚོགས་ཀྱི་གོ་རྟོགས་ཀྱང་མཐོ་རུ་ཕྱིན་ཡོད། ད་ཆ་ཚང་མས་ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་ལ་རྒྱུས་མངའ་ཡོད་ལ་ད་ལྟའི་འཚོ་བར་ཡང་བློ་ཡིད་ཚིམ་པོ་བྱེད་ཀྱི་འདུག གཞི་རིམ་གྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་འགྲོ་རྒྱུའི་རེ་བ་ཡོད”ཅེས་མང་ཚོགས་སྒྲོལ་མས་དགའ་ཚོར་ཆེན་པོས་གསར་འགོད་པར་བཤད།

    དཔུང་ཁག་འཛུགས་སྐྱོང་དང་མི་ཧྲག་ལ་སྦྱོང་བརྡར་བྱས་པ།

    སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་རིག་གནས་ལས་དོན་པ་དང་ཁ་འབྲལ་ཐབས་མེད།

    “གསོ་སྦྱོང་ལས་ང་ཚོའི་ལས་ཀར་ཕན་ཐོགས་ཆེན་པོ་བྱུང་། སླད་ཕྱིན་འདི་ལྟ་བུའི་གསོ་སྦྱོང་མང་ཙམ་བྱས་ནས་ཚང་མའི་མཐོང་རྒྱ་ཡངས་སུ་དང་འཇོན་ཐང་ཆེ་རུ་བཏང་ནས་གཞི་རིམ་མང་ཚོགས་ལ་ཞབས་འདེགས་སྔར་བས་ཡག་པོ་ཞུ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བྱ་ས་ཤང་ཏང་ཨུད་ཀྱི་དྲིལ་བསྒྲགས་ཨུ་ཡོན་ཞེ་ཀྲེན་ཕུང་གིས་གསར་འགོད་པར་བཤད།

    ལྷོ་ཁ་གྲོང་ཁྱེར་གྱིས་རིག་གནས་དཔུང་ཁག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་གཞི་རིམ་གྱི་རིག་གནས་ལས་དོན་པའི་དཀའ་ངལ་དངོས་ཐག་གཅོད་བྱས་ཤིང་། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ནོར་སྲིད་ཀྱི་རྒྱབ་སྐྱོར་འོག ལྷོ་ཁ་གྲོང་ཁྱེར་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ལས་གནས་ཐོག་ཡོད་མུས་ཀྱི་མི་སྣ་ཚོར་ཟླ་རེར་འཚོ་བའི་ཁ་གསབ་སྒོར་1200སྤྲོད་ཀྱི་ཡོད། དེ་དང་ཆབས་ཅིག་ཡུན་ནན་སྒྱུ་རྩལ་སློབ་གླིང་སོགས་དང་མཐུན་སྦྱོར་བྱས་ནས་གསོ་སྐྱོང་ལས་དོན་སྤེལ་ཞིང་། མིག་སྔའི་བར། རིག་གནས་ལས་དོན་པ་སྒྲིག་འཛུགས་བྱས་ནས་གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་ཐེངས་40གཉེར་བ་དང་། གསོ་སྦྱོང་བྱས་པའི་མི་གྲངས་600ཟིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།