[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • བོད་ལྗོངས་ཀྱི་སྒོར་གཞས་རུ་ཁག་ལ་དམིགས་བསལ་གྱི་བྱ་དགའ་ཐོབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-17

    ཉེ་ཆར། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་སྒྲུབ”ཅེས་བརྗོད་དོན་གཙོ་བོར་བྱས་པའི་2019ལོའི་ཀྲུང་གོའི(པའོ་ཐིང)གྲངས་ཉུང་མི་རིགས་ཀྱི་ཐང་ཆེན་ཞབས་བྲོའི་འགྲན་བསྡུར་ཆེ་མོ་ནན་ཉིང་པའོ་ཐིང་དུ་བདེ་བླག་ངང་གཉེར་ཞིང་། རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་ཐང་ཆེན་ཞབས་བྲོའི་རུ་ཁག་18འགྲན་བསྡུར་ནང་ཞུགས་ཡོད་པ་རེད།

    འགྲན་བསྡུར་བྱེད་རིང་། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་སྤྱི་ཚོགས་ལུས་རྩལ་ལྟེ་གནས་ཀྱིས་བདམས་པའི་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་རླན་ཆུ་ཤང་རྭ་རུ་གྲོང་ཚོའི་ཞིང་འབྲོག་པའི་སྐོར་གཞས་རུ་ཁག་ལ་འགྲན་བསྡུར་གྱི་སྐར་གྲངས་མཐོ་ཤོས་ཐོབ་ནས་དམིཌ་བསལ་གྱི་བྱ་དགའ་དང་ལུས་རྩལ་ཀུན་སྤྱོད་དར་སྲོལ་གྱི་བྱ་དགའ་རག་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།