[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • “ཧི་མ་ལ་ཡ་ཤེས་རྟོགས་བྱེད་པའི”བོད་ཀྱི་དེང་རབས་ཀྱི་སྒྱུ་རྩལ་འགྲེམས་སྟོན་ཁྲེང་ཏུར་གཉེར་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-09

    ཉེ་ཆར་གསར་འགོད་པས“ཧི་མ་ལ་ཡ་ཤེས་རྟོགས་པའི”བོད་ཀྱི་དེང་རབས་ཀྱི་སྒྱུ་རྩལ་འགྲེམས་སྟོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། “ཧི་མ་ལ་ཡ་ཤེས་རྟོགས་བྱེད་པའི”བོད་ཀྱི་དེང་རབས་ཀྱི་སྒྱུ་རྩལ་འགྲེམས་སྟོན་ཟླ་4ཚེས་19ནས་ཟླ་5ཚེས་5ཉིན་བར་ཁྲེང་ཏུར་གཉེར་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་དེར་བོད་ཡུལ་གྱི་སྲོལ་རྒྱུན་རིག་གནས་གཙོ་བོར་བྱས་ཏེ་ཀུན་དགའ་རྒྱ་མཚོ་དང་ཀརྨ་བདེ་ལེགས་སོགས་སྒྱུ་རྩལ་མཁས་ཅན་17གྱི་བརྩམས་ཆོས་30ཙམ་འགྲེམས་སྟོན་བྱ་རྒྱུའི་ནང་རྩེར་སོན་གྱི་ཐང་གའི་སྒྱུ་རྩལ་དང་། བོད་སྤོས། རོལ་དབྱངས་སོགས་ཚུད་ཡོད་པ་རེད། ཉིང་བཅུད་མཉམ་འབྲེལ་སྲོལ་གཏོད་མཁན། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་ལས་འཛིན་ཧྥང་ཁུན་གྱིས“ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་པོའི་མི་དེ་བས་མང་བས་བོད་ཀྱི་རིག་གནས་ཀྱི་སྲོལ་རྒྱུན་དང་དེང་རབས་ལས་བརྒལ་བའི་ཡིད་དབང་འཕྲོག་ཤུགས་དཔག་མེད་ཚོར་ཐུབ་རེ་ཡོད”ཅེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།