[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • ༄༅། །སེམས་ཀྱི་གླུ་དབྱངས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ལྷུན་དར་སྐལ་བཟང་བསྟན་པ།    |    སྤེལ་དུས།   2019-04-02

    དབུལ་སྐྱོར་གནད་འཕིགས་འདི་ཡི་དཔེ་ཆོས་སུ། །

    དགུང་གི་ཁྲི་གདུགས་ཉི་མ་འཇོག་འདོད་སྐྱེས། །

    དབུལ་སྐྱོར་སྲིད་ཇུས་འོད་ཀྱི་དཀྱིལ་འཁོར་ཆེས། །

    ས་སྟེང་དམངས་ཀྱི་སེམས་པ་རབ་ཏུ་དྲོས། །


    གཞི་རིམ་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད། །

    ཏང་འཛུགས་བྱ་བར་དམ་འཛིན་སྔར་ལས་ཡག །

    སློབ་སྦྱོང་འཚོ་བའི་ལམ་སྲོལ་ཀུན་ལ་འཛོམས། །

    དྲིན་ཚོར་ལྟ་བས་དུས་རབས་གསར་རྙིང་རྟོགས། །


    གནས་སྤོས་ཁང་བཟང་རྣམ་རྒྱལ་ཕོ་བྲང་ནས། །

    གླུ་དང་དགོད་སྒྲའི་འགྱུར་ཁུག་ལྷང་ལྷང་གྲགས། །

    ཟས་གོས་སྡོད་གསུམ་འཕྲལ་ཕུགས་གང་ལ་ཡང་། །

    སྲིད་ཇུས་བཟང་པོའི་འགན་ལེན་ཡོད་འདི་སྐྱིད། །


    སྣོད་བཅུད་སྲུང་སྐྱོང་ས་གཞིར་ལྗང་མདོག་རྒྱས། །

    གཟིགས་སྐྱོང་ཁ་གསབ་དུས་ཐོག་ཆར་བཞིན་བབས། །

    མི་རིགས་ཐོན་ལས་རོགས་སྐྱོར་དཔལ་ཡོན་ལས། །

    ཞིང་འབྲོག་བྱ་གཞག་དབྱར་གྱི་མཚོ་མོ་རྒྱས། །


    རུལ་སུངས་ངོ་རྒོལ་ཚ་རླབས་འཇགས་པ་མེད། །

    སྤྱི་ཚོགས་ཁྱོན་གྱི་ཁ་དབུགས་གཙང་མར་གྱུར། །

    སྲོག་ཤིང་གང་ཉིད་མཁས་མཛངས་ལྡན་པ་ཡིས། །

    སྡེ་འབངས་མི་སེར་ཁ་ཕྱོགས་གཅིག་ལ་བསྡུས། །


    ལས་བྱེད་མང་ཚོགས་འོ་ཆུའི་བརྩེ་སེམས་མཐུས། །

    དབུལ་སྐྱོར་ལམ་ནས་སྙན་འཇེབས་གླུ་སྒྲ་ཐོས། །

    གྲོང་གསེབ་མ་ཟེར་གྲོང་གསར་རྣམ་པར་གཟིགས། །

    འཕེལ་རྒྱས་གསར་བའི་ངོ་མཚར་བརྗོད་མི་ཚར། །


    སློབ་གསོར་གཙིགས་ཆེན་ཤེས་ཡོན་གོང་དུ་བཀུར། །

    རྣམ་དཔྱོད་རྩལ་གྱིས་ཚན་རྩལ་རྟོག་པ་རྙེད། །

    དབུལ་གྲོལ་བྱས་ཏེ་འབྱོར་འབྲིང་ལམ་བཟང་ཟིན། །

    ཏང་གི་བཀའ་དྲིན་བསྐལ་བརྒྱའི་བར་དུ་གནས། །


    འདོད་ཡོན་འཚོ་བའི་ལོངས་སྤྱོད་ཅི་ཡང་འཛོམས། །

    རྒྱལ་ཁམས་ཞི་མཐུན་མི་རྣམས་བདེ་བར་འཁོད། །

    འབྱོར་འབྲིང་སྤྱི་ཚོགས་ཐུན་མོང་འདུན་མའི་ཆེད། །

    ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་འདིར་བསྟོད། །

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།