[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • ༄༅།།རང་ཉིད་ལ་གདམས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཀླུ་འབུམ་རྒྱལ།    |    སྤེལ་དུས།   2019-04-02

    རྟེན་འབྱུང་རྟོགས་པའི་ཐབས་ཤེས་ལ། །

    སྟོང་འདང་བརྒྱབ་པས་ཅི་ལ་ཕན། །

    རྒྱ་མཚོའི་འཇིངས་ཀྱི་ནོར་བུ་ལ། །

    གསོལ་བ་བཏབ་པས་ག་ལ་ཐོབ། །


    མ་འབད་ལས་ཀྱི་འབྲས་བུ་ཞིག །

    ས་ནས་སྐྱེ་རྒྱུ་ཅི་ལ་ཡོད། །

    ས་བོན་མེད་པའི་ཞིང་ཐང་ནས། །

    མྱུ་གུ་སྔོན་པོ་ག་ལ་འབྱུང་། །


    ཉལ་ཉལ་བསྡད་ནས་མཁས་འདོད་ཀྱི། །

    ཆིག་ལབ་བརྒྱབ་པས་ག་ལ་འགྲིག །

    རིག་པའི་གནས་ཀྱི་སྡིངས་ཆ་ལ། །

    ད་ལྟ་ཉིད་དུ་གཞོལ་རྒྱུ་གལ། །


    ཚར་རྒྱུ་མེད་པའི་སང་ཉིན་ལ། །

    སྒུག་ནས་བསྡད་པས་ཅི་ལ་ཆོག །

    ཚར་རྒྱུ་ཡོད་པའི་མི་ཚེ་ཡི། །

    རྒས་གཉེར་བརྩེགས་པ་མ་བརྗེད་ཨང་། །

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།