[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • བླང་དོར་གནས་ལུགས་སྟོན་པའི་རབ་བཏགས་རི་མོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-02

    微信图片_20190314112443_view.jpg

    རང་རྒྱུད་རང་གིས་དཔོག་སྟེ། །

    ང་རྒྱལ་མགོ་འཕང་མ་མཐོ། །

    ལྒང་ཕུག་མཐོན་པོར་འཕགས་ཀྱང་། །

    མཐའ་མ་ཚལ་བུར་འཐོར་ཏོ། །

    微信图片_20190314112413_view.jpg

    སེམས་ཀྱི་འཆར་སྒོ་སྟོང་ལས། །

    དོན་དངོས་ལག་ལེན་གཅིག་གཙོ། །

    ནམ་མཁའི་འཇའ་ཚོན་བཀྲ་ཡང་། །

    གྲོད་ཁོག་ཅི་ལ་རྒྱགས་ནུས། །

    微信图片_20190314112436_view.jpg

    སེམས་ཀྱི་སྡུག་བསྔལ་ཡོད་ཚད། །

    བསམ་པའི་འཁྱེར་སོ་ལས་བྱུང་། །

    རྟག་ཏུ་གཞན་དང་འགྲན་པས། །

    རང་གི་བདེ་བ་བརླགས་སོང་། །

    微信图片_20190314112449_view.jpg

    རང་གི་ལེགས་བྱས་མེད་པར། །

    འཁང་ར་སྡུག་ཡུས་མང་ན། །

    ལུས་སེམས་ངལ་བའི་ཁུར་པོ། །

    བསྣན་པའི་རྒྱུ་ལས་མ་འདས། །

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།